དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    “མང་ཚོགས་ཀྱི་སྒོ་རྩར་ཐོབ་ཐང་ལག་ཁྱེར་སྐྱེལ་བའི”ཞབས་འདེགས་ཞུས་ནས་དམངས་སེམས་དྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    ཉེ་ཆར། ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཐེམ་ཐོ་ཁོའོ་ཡིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ“ཁྱིམ་གྱི་སྒོ་རྩར་ཐོབ་ཐང་ལག་ཁྱེར་སྐྱེལ་བའི”ཞབས་འདེགས་ཧུར་ཐག་ཞུས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་བསལ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”འདུ་ཤེས་ལག་ལེན་བསྟར་བར། ཁོང་ཚོའི་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    དེ་དང་ཆབས་ཅིག མི་དམངས(ལས་རོགས)ཉེན་རྟོག་པས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་སྒོ་རྩར་ཐོབ་ཐང་ལག་ཁྱེར་སྐྱེལ་བ་ཙམ་མ་ཟད། ད་དུང་ཐེམ་ཐོའི་དྲིལ་བསྒྲགས་ལས་དོན་ཡང་ཧུར་ཐག་སྤེལ་ཡོད། མང་ཚོགས་ཀྱི་ཐེམ་ཐོ་ཁ་ཕྲལ་བ་དང་། ཕྲུ་གུ་དམར་འབྱར་ལ་ཐེམ་ཐོ་བཟོ་བ། ཡུལ་གཞན་དུ་ཐོབ་ཐང་ལག་ཁྱེར་གཉེར་བ། གནས་སྤོས་མང་ཚོགས་ལ་ཐེམ་ཐོ་བཟོ་བ་སོགས་ཐེམ་ཐོའི་ཐད་ཀྱི་དོགས་གནད་ལ་དམིགས་ནས། མང་ཚོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    ཐེམ་ཐོ་གཉེར་བའི་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པར་བརྟེན། མང་ཚོགས་དེ་བས་མང་བས“མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་དགོས་མེད་པ་དང་། དྲ་ཐོག་ནས་གཉེར་བ། ཐག་ཉེ་ས་ནས་གཉེར་བ”སོགས་ཀྱི་ཐེམ་ཐོའི་ལས་སྒོའི་དོན་ཚན་ཤེས་རྟོགས་ཐུབ་ནས། མང་ཚོགས་ཀྱིས་ཐེམ་ཐོ་བདེ་བླག་ངང་གཉེར་ཐུབ་པ་དང་ནོར་འཁྲུལ་མི་ཐོན་པར་འགན་ལེན་ཐུབ་ཡོད།

    མང་ཚོགས་མི་ཉུང་བ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་། ད་ཐེངས་ཀྱི་སྒྲོག་འགྲེལ་བརྒྱུད། ཐེམ་ཐོའི་སྲིད་ཇུས་དེ་བས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་བྱུང་བས། སླད་ཕྱིན་འབྲེལ་ཡོད་འགྲོ་ལུགས་གཉེར་བར་དེ་བས་ལམ་ལྷོངས་དང་སྟབས་བདེ་ཡོང་ངེས་རེད་ཅེས་བརྗོད།

    མང་ཚོགས་ཀྱི་སྒོ་རྩར་ཐོབ་ཐང་ལག་ཁྱེར་སྐྱེལ་བའི་ཐེངས་དེའི་ཞབས་ཞུ་བརྒྱུད། བྲག་གཡབ་རྫོང་གི་གྲོང་མི་ཚོས་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད། ཐེམ་ཐོ་ཁོའོ་ཡི་མི་དམངས་ཉེན་རྟོག་པས། ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”འདུ་ཤེས་མུ་མཐུད་ལག་ལེན་ཏན་ཏིག་བསྟར་ཏེ། མི་དམངས་མང་ཚོགས་ཚོས་ཐེམ་ཐོའི་ལས་སྒོ་གཉེར་རིང་ཐོབ་སྣང་དང་སྐྱིད་སྣང་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།