སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གིས།
གཞི་རིམ་གྱི་ཉེན་རྟོག་ལས་དོན་ཏན་ཏིག་བསྒྲུབས་ནས “རུ་ཁག་གཉིས་དང་ཁང་གཅིག”གི་ཕུལ་བྱུང་བཏོད་པ།
འདི་ནི་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་སུ་སྐོར་གཡེང་དང་ཞིབ་བཤེར་བྱེད་བཞིན་པ།
ད་ལོ་ནས་བཟུང་། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གིས“རུ་ཁག་གཉིས་དང་ཁང་གཅིག”གི་ཉེན་རྟོག་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ་སྒུལ་ཤུགས་སུ་བརྩིས་ནས། འཕེལ་རྒྱས་དོན་གཉེར་དང་། དུས་བདེ་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་དང་། འགོག་རྒོལ་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། “དུས་བདེའི་སྤུ་ཧྲེང”འཛུགས་སྐྱོང་ལ་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་རྒྱུན་མཐུད་བཏང་བ་རེད།