སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས།
བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་གསོད་མི་སྣས་ནགས་ཚལ་མེ་ཟོན་གྱི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།
ཉིན་ཤས་གོང་། སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་སྤོ་བོ་རྫོང་སྤོ་བོ་ཐང་ཆེན་དུ་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་གསོད་མི་སྣས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུན་ཤེས་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ནགས་ཚལ་མེ་སྐྱོན་དང་། ཆུ་ལོག་ཞོད་སྐྱོན། རི་ཉིལ་བ། ས་ཡོམ་སོགས་རང་བྱུང་གནོད་འཚེའི་ཁྲོད་སྲོག་ཉེན་ལས་ཐར་ཐབས་དང་། རང་སྐྱོབ། ཕན་ཚུན་རོགས་སྐྱོབ་བཅས་ཀྱི་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་500ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དྲི་བ་40ལྷག་ཙམ་ལ་ལན་བཏབ་ནས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།