དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་འབྲུབ་འགོག་འཕྲལ་སྡོམ་གྱི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    པར①②③ནི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་འགོག་སྲུང་གི་འཕྲལ་སྡོམ་ནང་སྦྱོང་བྱ་ཡུལ་ཡིན་པ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་འཇོ་མདའ་རྫོང་གི་2024ལོའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་འགོག་སྲུང་གི་འཕྲལ་སྡོམ་ནང་སྦྱོང་ནང་ཞུགས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང་རིང་་འཇོ་མདའ་རྫོང་ཐང་ཕུ་ཤང་རོང་གསུམ་རང་བྱུང་གྲོང་ཚོའི་རྒྱུད་ཀྱི་གཙང་ཆུའི་འབབ་རྒྱུད་དུ་དྲག་ཆར་བབས་ཏེ་འདམ་རྡོའི་ཆུ་རུད་བྱུང་ནས། མཐའ་འཁོར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་པའི་ཁུལ་བྱས་ཤིང་། ལས་འགན་ནི་ཆུ་ལོག་ཁྲོད་ལུས་པའི་མང་ཚོགས་གཉིས་སྐྱོབ་པ་དེ་རེད། རོགས་སྐྱོབ་གྱི་བརྒྱུད་རིམ་ཧྲིལ་པོར་ལས་བགོས་ཁ་གསལ་བྱས་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས། ཆུ་ལོག་ཁྲོད་ཀྱི་མང་ཚོགས་གཉིས་འཕྲལ་མར་བསྐྱབས་ཏེ་ལས་འགན་འཕྲལ་མར་ལེགས་སྒྲུབ་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ནང་སྦྱོང་ནང་རུ་འབྲིང་གི་འབྲུབ་འགོག་ཉེན་སེལ་གྱི་སྔོན་ཇུས་ལག་བསྟར་ཐུབ་ནུས་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པར་སྔར་བས་ཞིབ་དཔྱད་བྱས་པ་དང་། མི་སྣའི་དབར་གྱི་གཞོགས་འདེགས་སྔར་བས་ཟབ་ཏུ་ཕྱིན་ཡོད། གོམ་སྟབས་རྗེས་མར་རུ་འབྲིང་གིས་བཅའ་སྡོད་བྱ་ཡུལ་གྱི་འབྲུབ་འགོག་དུས་བབ་ལ་དོ་སྣང་ཏན་ཏིག་དང་། འབྲུབ་འགོག་ཉེན་སེལ་གྱི་འབྲེལ་ཡོད་སྦྱོང་བརྡར་དང་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་རོགས་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།