ལྷ་ས་གྲོར་ཁྱེར་གུར་ས་གྲོང་ཚོས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་བ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གུར་ས་གྲོང་ཚོས་གནས་ཡུལ་ཆུང་གྲས་དགུ་ལ་ཁ་དོག་དམར་སེར་ལྗང་གསུམ་གྱི་རིམ་དབྱེ་དོ་དམ་ལས་དོན་ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་ནས། ཁོངས་གཏོགས་ཁུལ་གྱི་ས་གནས་ཁག་ལ་རིགས་དབྱེ་དོ་དམ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།
གུར་ས་གྲོང་ཚོའི་ཁོངས་གཏོགས་ཁུལ་གྱི་གནས་ཡུལ་ཆུང་གྲས་དགུ་ལ་ཁ་དོག་དམར་སེར་ལྗང་གསུམ་གྱི་རིམ་དབྱེ་དོ་དམ་ལས་དོན་ལམ་ལུགས་སྤྱད་པ་དང་ཁྱད་པར་ཅན་གྱི་དོ་དམ་བྱས་པ་བརྒྱུད་གནས་ཡུལ་ཆུང་གྲས་དགུ་ལ་བདེ་འཇགས་རིགས་དབྱེའི་ལྟ་འདོམས་མངོན་འགྱུར་བྱུང་ནས་སྡེ་ཁུལ་གྱི་བདེ་འཇགས་དོ་དམ་ཐོན་ཁུངས་ལེགས་སུ་ནུས་ལྡན་ཕྱིན་པ་དང་བདེ་འཇགས་དོ་དམ་གྱི་ལས་ཕྱོད་ཆེ་རུ་ཕྱིན་ནས་ཞི་མཐུན་དང་བདེ་འཇགས་ཀྱི་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
པར་འདི་གཉིས་ནི་ལས་དོན་པས་ཁྱིམ་ཚང་མི་རེ་ངོ་རེའི་མངོན་གསལ་དོད་སར་ཁ་དོག་དམར་སེར་ལྗང་གསུམ་གྱི་བདེ་འཇགས་ཉེན་བརྡའི་བྱང་བུ་སྦྱར་བཞིན་པ།