ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཁྲིམས་འཛིན་ཁང་གིས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལས་དོན་སྤེལ་བ།
འགལ་ཟླ་དང་རྩོད་གཞིའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཁྲིམས་འཛིན་ཁང་གི་ལས་དོན་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལས་དོན་སྤེལ་བ་རེད།
ལས་དོན་སྤེལ་རིང་ཁྲིམས་འཛིན་ཁང་གི་ལས་དོན་པས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་ཁྱིམ་ཚང་གི་རྩོད་གཞི་དང་། ངལ་རྩོལ་དང་གླ་ཆའི་རྩོད་གཞི། ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་མངོན་གསལ་དོད་པའི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ལ་གཙོ་གནད་ཐོག་དམིགས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པས་དུས་ཐོག་ཏུ་རྩོད་གཞི་འབྱུང་རྐྱེན་དང་། ཕྱོགས་ལྷུང་རང་བཞིན། སྔོན་བརྡའི་རང་བཞིན་བཅས་ཀྱི་ཆ་འཕྲིན་རག་ཐབས་བྱས་པ་རེད། དེ་དང་ཆབས་ཅིག་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་འགོག་སྲུང་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། གྱོད་གཞི་དང་དོན་རྐྱེན་སྣ་ཚོགས་འབྱུང་རྩ་ནས་མ་ཐོན་པར་བྱས་ཁར། རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་བྱ་ཐབས་ཧུར་ཐག་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་ཡང་དག་བྱས་ནས་རང་རྟོགས་ངང་ཁྲིམས་སྲུང་དང་། དོན་རྐྱེན་ཐོན་ན་ཁྲིམས་ལུགས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་ལུགས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཤིག་ཆགས་པར་བྱས་པ་རེད།