དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    ཉེ་ཆར་རྒྱལ་ཡོངས་ཀྱི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྐབས་བཅུ་གཉིས་པ་གཏིང་ཟབ་སྤེལ་ཆེད། གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས《ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་ཐག་གཅོད་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིབ་དཔྱོད་ཁང་གིས་2024ལོའི“དངུལ་ཁུག་ཡག་པོ་བསྲུངས་ཏེ་བདེ་སྐྱིད་ཀྱི་ཁྱིམ་ཚང་སྲུང་སྐྱོང་བྱེད་པའི”ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་འགོག་ཟོན་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་རྒྱུ་ནོར་དང་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། ཁྲིམས་ལས་འགལ་ནས་མ་དངུལ་བསྡུ་རུབ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས། རྒན་གསོའི་ཁ་བསླུས་སོགས་མང་ཚོགས་ཀྱི་རྒྱུ་ནོར་དང་བདེ་འཇགས་ལ་གནོད་འཚེ་བཟོ་བའི་རྒྱུ་ནོར་ལ་བཙན་གནོད་བྱེད་པའི་ཉེས་གསོག་ལ་ངོས་འཛིན་དང་འགོག་ཟོན་བྱེད་པར་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་དངུལ་རྩའི་ཁ་བསླུས་གྱོད་གཞི་དྲངས་ནས་མང་ཚོགས་ལ་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་སློབ་སྦྱོང་དང་། ཁ་བསླུས་རྒྱག་སྟངས་ཤེས་རྟོགས། འགོག་ཟོན་གྱི་ནུས་པ་ཆེར་གཏོང་། རང་རྟོགས་ངང་དངུལ་རྩའི་ཁ་བསླུས་ཉེས་གསོག་གི་དོང་རྙིར་མ་ཚུད་པ། སོ་སོའི་རྒྱུ་ནོར་དང་བདེ་འཇགས་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་ཞིབ་དཔྱོད་ཀྱི་དྲིལ་བསྒྲགས་ཡིག་ཆ་100ལྷག་ཙམ་དང་ལག་དེབ་40ལྷག་ཙམ་ཡང་སྤྲད་ཡོད་པ་རེད།

    གོ་འཇོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྣམ་པ་སྣ་ཚོགས་བརྒྱུད་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། སྤྱི་དམངས་ཀྱིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་དོགས་ཟོན་རང་བཞིན་སྔར་བས་ཆེ་རུ་དང་མང་ཚོགས་ཀྱི་རང་ཉིད་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་ནས་བདེ་འཇགས་བརྟན་ལྷིང་གི་དངུལ་རྩའི་ཁོར་ཡུག་སྐྲུན་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།