དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཨར་ལས་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཨར་ལས་རྒྱུ་ཆའི་ཐོན་རྫས་འོས་སྦྱོར་ཚོགས་འདུ་སྐབས་ལྔ་པ་དང་བོད་ཀྱི་སྒྲིག་སྦྱོར་རྣམ་པའི་ཨར་ལས་དང་ཨར་ལས་བཟོ་ལས་ཅན་གྱི་འགྲེམས་སྟོན་ཚོགས་འདུ་དང་། བོད་ལྗོངས་ལྗང་མདོག་ཨར་ལས་རྒྱུ་ཆ། ནུས་རྒྱུ་བསྲི་ཚགས་དང་དྲོད་རླངས་ཤར་གཏོང་། སྐྱིད་སྣང་དོད་པའི་སྡོད་ཁྱིམ། གསོ་རླུང་འབུད་སྤྲོད་ཐོན་རྫས་འགྲེམས་སྟོན་ཚོགས་འདུ(གཤམ་དུ“བོད་ལྗོངས་ཨར་ལས་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)བཅས་བོད་རང་སྐྱོང་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད།

    སྐབས་འདིའི་བོད་ལྗོངས་ཨར་ལས་དངོས་མང་སྟོན་ཚོགས་ཀྱི་འཚོག་ཡུན་ཉིན་གསུམ་ཡིན་ཞིང་། གྲགས་ཅན་ཁེ་ལས་དང་སྤུས་རྟགས་གྲགས་ཅན་མང་པོ་ཞུགས་ཡོད་པ་དང་། འགྲེམས་རྫས་ནང་རིག་ནུས་ཨར་ལས་དང་། ལྗང་མདོག་ཨར་ལས་རྒྱུ་ཆ། ནུས་རྒྱུ་བསྲི་ཚགས་དང་དྲོད་རླངས་ཤར་གཏོང་། སྐྱིད་སྣང་དོད་པའི་སྡོད་ཁྱིམ། གསོ་རླུང་མཁོ་འདོན་དང་བཟོ་བ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོགས་ནང་གྲགས་ཅན་ཁེ་ལས་157ཞུགས་པ་དང་ཐོན་རྫས་གསར་པ་དང་སྒྲིག་ཆས་གསར་པ་རིགས་1000ལྷག་ཙམ་ཡོད་པ་རེད། དེའི་ནང་བོད་ཀྱི་དམིགས་བསལ་དགོས་མཁོར་དམིགས་ཏེ་གསོ་རླུང་མཁོ་འདོན་ཐོན་རྫས་འགྲེམས་སྟོན་ཁུལ་གྱི་ཁེ་ལས་མང་པོ་ཞིག་གིས་ས་མཐོར་གསོ་རླུང་མཁོ་འདོན་གྱི་ལག་རྩལ་དང་སྒྲིག་ཆས་གསར་ཤོས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།