དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མེ་ཟོན་གྱི་དམིགས་བསལ་སློབ་ཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    མེ་ཟོན་རུ་མིས་མེ་གསོད་ཡོ་ཆས་སྤྱོད་སྟངས་གསལ་འགྲེལ་བྱེད་བཞིན་པ།

    གཡོན་མ་ནི་མེ་ཟོན་རུ་མིའི་མཛུབ་ཁྲིད་འོག་བདེ་སྲུང་མི་སྣས་མེ་གསོད་ཡོ་ཆས་བཀོལ་སྤྱོད་བྱེད་སྟངས་སློབ་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི“གངས་ལྗོངས་ཀྱི་སྔོན་ཕུབ། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་ནང་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། སྲིད་གཞུང་ལས་ཁུངས་ཀྱི་ལས་དོན་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཕྱིན་ནས་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་གྱི་ཆུ་ཚད་དང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།