ཧོར་མཐའ་མཚམས་མངགས་གཏོང་ཁང་གིས“རྒྱལ་སྤྱིའི་ཡིག་ཚགས་ཉིན་མོ”ཐེངས་བཅུ་བདུན་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
འདི་ནི་ཧོར་མཐའ་མཚམས་མངཌ་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོཌ་ཁུལ་གྱི་མང་ཚོཌ་ལ་ཡིག་ཚཌ་ཀྱི་བཅའ་ཁྲིམས་དྲིལ་བསྒྲཌ་བྱེད་བཞིན་པ།
ཉེ་ཆར། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཧོར་མཐའ་མཚམས་མངགས་གཏོང་ཁང་གིས“དེང་རབས་ཅན་གྱི་ཕུགས་འདུན་གཏོད། ཡིག་ཚགས་ལས་དོན་མི་སྣས་འབད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས“རྒྱལ་སྤྱིའི་ཡིག་ཚགས་ཉིན་མོའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཡིག་ཚགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མི་སྒེར་གྱི་ཡིག་ཚགས་དང་། དམངས་འཚོའི་ཡིག་ཚགས། ཐེམ་ཐོའི་ཡིག་ཚགས་སོགས་ཀྱི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་དང་འབྲེལ། ཉེ་འགྲམ་གྱི་ཡིག་ཚགས་དང་འབྲེལ་ཡོད་དཔེ་མཚོན་དང་ཟུང་འབྲེལ་གྱིས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཡིག་ཚགས་ལས་དོན་གྱིས་བཏོན་པའི་དོན་སྙིང་དངོས་ལ་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཡིག་ཚགས་ཀྱི་འདུ་ཤེས་ཟབ་ཏུ་དང་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཁྲིད་སྟོན་བྱས་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་རིམ་རྩིས་བྱས་ན་དྲིལ་བསྒྲགས་ཤོག་ལྷེ་200ལྷག་ཙམ་སྤྲད་པ་དང་མི་ཐེངས་30ལྷག་ཙམ་གྱི་བློ་འདྲིར་ལན་བརྒྱབ་པ་རེད།