དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རུ་ཐོག་མཐའ་མཚམས་དོ་དམ་རུ་ཆེན་གྱིས་འཛད་སྤྱོད་པའི་ཁེ་དབང་དང་ཁ་བསླུས་སྔོན་འགོག་གི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    ཉིན་ཤས་གོང་བོད་ལྗོངས་མངའ་རིས་རུ་ཐོག་མཐའ་མཚམས་དོ་དམ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་ཁ་བསླུས་སྔོན་འགོག་གི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་སོགས་བརྒྱུད་གྲོང་མི་ཚོར་ཚོང་ཟོག་ཉོ་སྒྲུབ་བྱེད་སྐབས་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་པོ་དང་གོ་ཆོད་དུས་ཚོད་ལ་ལྟ་བའི་གོམ་གཤིས་འཇགས་པར་བྱེད་དགོས་པ་དང་། ཁེ་དབང་ལ་གནོད་འཚེ་ཕོག་རྗེས་འཛད་སྤྱོད་བྱེད་སྐབས་ཀྱི་འབྲེལ་ཡོད་དཔང་ཡིག་ཉར་ཚགས་ཡག་པོ་བྱེད་པ་དང་ཆབས་ཅིག དུས་ཐོག་ཏུ་12315ཁེ་དབང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར་བརྒྱབ་སྟེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་ད་དུང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད་པར་དམིགས་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་མང་ཚོགས་ཚོར་ཁ་བསླུས་སྔོན་འགོག་གི་དྲིལ་བསྒྲགས་ལག་དེབ་སྤྲད་དེ། གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་ཚོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་རྒྱུན་སྤྱོད་གཡོ་ཐབས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་སོགས་ཀྱང་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།