དུས་རབས་གསར་པར་དུག་རྫས་བཅོས་སྒྲིག་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་པ།
—— རང་ལྗོངས་ཀྱིས་དུག་འགོག་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ།
ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་37པ་ཡིན་པ་དང་། ལྗོངས་དུག་འགོག་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ལྷ་ཀླུ་རིག་གནས་ཐང་ཆེན་སྤྱི་གླིང་དུ་2024ལོའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་ལྷ་ཀླུ་འདམ་ར་སྐོར་བའི་གོམ་བགྲོད་བྱེད་སྒོ་སྤེལ་བ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
2024ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུག་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུག་འགོག་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུག་འགོག་ལས་དོན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་འགོད་ནང་བཅུག་པ་དང་། ལས་ཀའི་གྲོས་རིམ་ནང་བཅུག་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་དང་། སྤྱི་ཚོགས་བཅོས་སྐྱོང་། སྤྱི་པའི་ཞབས་ཞུ་བཅས་ཀྱི་ནང་དོན་གལ་ཆེན་ནང་བཞག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། དུག་འགོག་ལས་དོན་སྐོར་གྱི་སྙན་སེང་གསན་པ་དང་། འབྲེལ་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཐད་དུག་འགོག་མི་དམངས་དམག་འཁྲུག་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བཀོད་སྒྲིག་གནང་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས། དུག་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས་ཏེ་དུག་འགོག་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས“འབྱུང་ཁུངས་གཙང་སེལ་དང་རྒྱུན་གཅོད“ཀྱི་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱེད་པ་དང་དུག་འགོག་དང་འབྲེལ་བ་ཡོད་པའི་ཉེན་ཁ་གལ་ཆེན་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་ཚད་དུ་བྱས་ཏེ། ནན་ལ་ཏན་ཏིག་དང་ཞིབ་ཕྲ་བཅས་ཀྱི་སྒོ་ནས་དོ་དམ་ཚོད་འཛིན་དང་དྲིལ་བསྒྲགས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལྗོངས་ཡོངས་ཀྱི་དུག་འགོག་འཐབ་རྩོད་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་དུག་འགོག་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
གཅིག དུག་རྫས་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ“འབྱུང་ཁུངས་གཙང་སེལ་དང་རྒྱུན་གཅོད”ཀྱི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ།
དུག་རྫས་ཞིབ་བཤེར་འཛིན་བཟུང་དང་བཀག་འགོག་ལས་དོན་གཏིང་ཟབ་སྤེལ་ནས“ཚོགས་པར་རྡུང་རྡེག”སྒྲིག་འཛུགས་དང་སྐུལ་འདེད་བཏང་སྟེ། དུག་རྫས་བཟོ་བའི་གྱོད་དོན་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་དང་། དུག་རྫས་གསར་པའི་གནད་དོན་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། དུག་རིགས་བཀག་སྡོམ་གྱི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཡོད། ལྗོངས་ཡོངས་སུ་དུག་རྫས་དང་འབྲེལ་བ་ཡོད་པའི་གྱོད་གཞི་12རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་8འཛིན་བཟུང་བྱས་པ། དུག་རྫས་དང་འབྲེལ་བ་ཡོད་པའི་དྲ་ཐོག་བྲོས་བྱོལ་བ་5རྩད་ཆོད་པ། དུག་རྫས་སྣ་ཚོགས་ཁེ་38.12གཞུང་བཞེས་བཏང་ཡོད། ལྷག་པར་དུ་ཟླ་4ཚེས་8ཉིན་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུག་འགོག་སྤྱི་ཁྱབ་རུ་ཁག་དང་། ལྷ་ས་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་བཅས་ཀྱིས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་དང་མཉམ་དུ་ལྷ་སར་སྦྲག་ཐོག་ནས་དུག་རྫས་ལྐོག་འདྲེན་བྱས་པའི་གྱོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་2འཛིན་བཟུང་བྱས་པ་དང་དུག་རྫས་སན་ཙོའོ་ལུན་རིལ་བུ་10གཞུང་བཞེས་བཏང་བ་རེད། གྱོད་གཞི་དེ་མྱུལ་ཞིབ་རྩད་ཆོད་པ་དེས་རྒྱལ་སྒྲོལ་དུག་རྫས་རང་ལྗོངས་སུ་སྐྱེལ་འདྲེན་བྱེད་པའི་ཉེས་གསོག་གི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་ནས་དུག་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་པའི་གཉའ་བཅག་པ་རེད། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོ་སྤྱི་བདེ་ཡན་ལག་ཅུས་ཀྱིས་རི་སྐྱེས་སོ་མ་ར་ཙས་བཟོས་པའི་དུག་རྫས་འཐེན་མཁན་ཕྱི་རྒྱལ་བ་4རྩད་ཆོད་པའི་ནང་གཅིག་གིས་མི་གཞན་ལ་དུག་འཐེན་དུ་བཅུག་ཡོད་པ་རེད།
གཉིས། དུག་འཐེན་མཁན་ལ་དོ་དམ་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུག་འཐེན་མཁན་ལ་གྲལ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། འགུལ་རྣམ་
དོ་དམ་ཚོད་འཛིན་བྱེད་ཐབས་རིགས་དབྱེ་དོན་འཁྱོལ་བཅས་བྱས་ཏེ“དུག་འཐེན”གྱི་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་བ།
གཅིག་ནི་རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་གིས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ཇུས་གཞི་ཞིབ་བཟོ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་སློབ་གསོ་ཐིང་སོགས་དུག་འགོག་ཨུ་ལྷན་གྱི་ཁོངས་མིའི་ཚན་པའི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། ལྗོངས་ཡོངས་ཀྱི“དུག་འཐེན་དུག་འགོག་གི་རྨང་གཞིའི་ལོའི”བྱེད་སྒོ་གཏིང་ཟབ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། “དུག་འཐེན”གྱི་བཅོས་སྒྲིག་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དུག་འཐེན་མཁན་གྱིས་འཕྲུལ་སྒུལ་འཁོར་རིགས་བཏང་ནས་ཆག་སྒོ་བཟོ་བར་སྔོན་འགོག་བྱས་ཏེ་ནག་ཆུ་གྲོང་ཁྱེར་ནེ་ཅི་གྲོག་རོང་གི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནས་དུག་འཐེན་མཁན་3རྩད་ཆོད་པ་རེད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་ལ་རམ་འདེཌ་བྱས་ནས་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་འཕྲུལ་སྒུལ་འཁོར་རིགས་མང་དུ་གཏོང་བའི་དུག་འབྲེལ་འདྲི་རྩད་དཔང་ཡིག་30ལྷག་ཙམ་མཁོ་འདོན་བྱས་པ་རེད། གཉིས་ནི་ཞབས་ཞུའི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་དུག་གཅོད་བདེ་ཐང་སླར་གསོའི་ཕན་འབྲས་ཁྱོན་ཡོངས་ནས་བརྟན་དུ་བཏང་ཡོད། སྤྱི་ཚོགས་ཡོངས་ཀྱི་དུག་འཐེན་མཁན་གྱི་ཉེན་ཁར་དཔྱད་དཔོག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་དོ་དམ་ལས་བྲལ་ཏེ་ཚོད་འཛིན་མི་ཐུབ་པ་དང་དོན་རྐྱེན་དང་ཆག་སྒོ་བཟོ་རིགས་སྔོན་འགོག་གང་ཐུབ་བྱས་ཤིང་། ལྗོངས་ཡོངས་ཀྱི་སྡེ་ཁུལ་གྱི་དུག་གཅོད་སྡེ་ཁུལ་གྱི་བདེ་ཐང་སླར་གསོ་ཡོང་བའི་མི་ཡོངས་ལ་དུག་འཐེན་མིན་གྱི་ཞིབ་དཔྱད་ཚད་ལེན་བྱས་པ་དང་། དུག་འཐེན་མིན་གྱི་ཞིབ་དཔྱད་ཚད་ལེན་ཐུབ་ཚད་100%ཟིན་ཡོད། བཙན་ཤེད་ངང་ལོགས་བཀར་དུག་གཅོད་ཀྱིས་དུག་གཅོད་ཁང་ནས་ཕྱིར་ཐོན་པའི་མི་སྣར་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དུག་འགོག་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་འབྲེལ་སྡེ་ཁུལ་གྱི་དྲ་མིག་པར་རྩིས་སྤྲད་ནས་ཞབས་ཞུའི་དོ་དམ་གྱི་གྲོས་མཐུན་བཞག་ཡོད།
གསུམ་ནི་སོ་མ་དང་འབྲེལ་བ་ཡོད་པའི་སྨན་རྫས་སོགས་དབྱིངས་ཞུགས་རང་བཞིན་གྱི་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཡོད། ས་གནས་ཁག་གིས་ས་ཁུལ་དེ་གའི་སོ་མ་དང་འབྲེལ་བ་ཡོད་པའི་སྨན་རྫས་སོགས་དབྱིངས་ཞུགས་རང་བཞིན་གྱི་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་སུ་གནོད་འཚེའི་གྱོད་གཞི(དོན་རྐྱེན)ཐོན་རྒྱུ་སྔོན་འགོག་གང་ཐུབ་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། འཕྲོད་བསྟེན་བདེ་ཐང་དང་། སྨན་རྫས་ལྟ་སྐུལ། སྦྲག་སྲིད་དོ་དམ་སོགས་སྡེ་ཚན་གྱིས་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་དུག་འགོག་གཙོ་ཤུགས་དམག་དཔུང་གི་ནུས་པ་གང་ལེགས་བཏོན་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགག་སྒོ་མདུན་ཕྱོགས་སུ་སྤོས་ཤིང་། སྨན་རྫས་ལྟ་སྐུལ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་སྨན་རྫས་ཁེ་ལས་བྱ་གཞག་དང་སྨན་བཅོས་ལས་ཁུངས་ལ་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དོ་དམ་གྱི་ཞན་ཆ་སེལ་བ་དང་། སོ་མའི་སྨན་རྫས་ཁྲིམས་འགལ་ངང་ཁྱབ་པ་དང་གང་བྱུང་དུ་སྤྱོད་པ་སྔོན་འགོག་ནན་པོ་བྱས་ཡོད།
བཞི་ནི་སོན་འདེབས་དུག་སེལ་ལས་དོན་ཏན་ཏིག་བསྒྲུབས་ཡོད། རང་ལྗོངས་སུ་ཁྲིམས་འགལ་ངང་དུག་རྫས་ཀྱི་རྩི་ཤིང་འདེབས་འཛུགས་བྱེད་ཀྱི་ཡོད་མེད་ཐད་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་གྱིས་དུག་རྫས་ཀྱི་རྩི་ཤིང་འདེབས་པའི་བྱེད་སྤྱོད་ལ་ཤེས་རྟོགས་བྱུང་འཕྲལ་ཞིབ་བཤེར་ཐག་གཅོད་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། འདེབས་འགོག་དུག་སེལ་གྱི་གྱོད་གཞི་5རྩད་ཆོད་པ་དང་རི་སྐྱེས་དུག་རྫས་ཀྱི་རྩི་ཤིང་རྐང་ཁྲི་1.4ལྷག་ཙམ་མེད་པར་བཟོས་ཡོད།
གསུམ། དུག་བཟོའི་དངོས་རྫས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འབྱམས་སྐྱོན་གྱོད་དོན(དོན་རྐྱེན)སྔོན་འགོག་ནན་པོ་བྱས་པ།
ལྗོངས་ཡོངས་ཀྱི་དུག་བཟོའི་དངོས་རྫས་ལ་ལྟ་འདོམས་བྱེད་པའི་ལས་ཀར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། དུག་བཟོའི་དངོས་རྫས་དག་ཁྲིམས་འགལ་གྱི་ཐབས་ལམ་ནས་ཁྱབ་སྲིད་པའི་དུག་བཟོ་དང་འགད་བཟོར་སྔོན་འགོག་ནན་པོ་བྱས་ཤིང་། ལྗོངས་ཡོངས་ཀྱི་དུག་བཟོའི་དངོས་རྫས“གཅིག་ཀྱང་མི་ཁྱབ་པ”དང་དུག་བཟོའི་གྱོད་གཞི“གཅིག་ཀྱང་མི་ཐོན”པར་མཐའ་གཅིག་ཏུ་བྱས་ཤིང་། གཅིག་ནི་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། རིམ་ཁག་དུག་འགོག་སྡེ་ཚན་གྱིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་དེ་བཞིན་གྲོང་མི་ཨུ་ལྷན་སོགས་གཞི་རིམ་རྩ་འཛུགས་ལ་གང་ལེགས་བརྟེན་པ་དང་། དྲ་མིག་ཅན་གྱི་དོ་དམ་ལས་སྟེགས་ལ་བརྟེན་ནས་ལེབ་བཤེར་རྣམ་པའི་ངང་ཁོངས་གཏོགས་ཁུལ་གྱི་དུག་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་སོ་མ་སྨན་རྫས་དང་འབྲེལ་བའི་ཁེ་ལས་བྱ་གཞག་ཚན་པར་གྲལ་བཤེར་བྱས་ཁར། གསར་དུ་འཕར་བའི་ཚན་པ་དག་ལྟ་འདོམས་ཁྱབ་ཁོངས་སུ་དུས་ཐོག་ཏུ་བཅུག་ནས་སྤྱོད་མཁན་གྱི་གྲངས་འབོར་དང་བེད་སྤྱོད་གནས་ཚུལ་གསལ་པོ་ཡོང་བར་བྱས་ཡོད། གཉིས་ནི་ལྟ་འདོམས་བྱེད་ཤུགས་ཆེར་གཏོང་དང་འབྱམས་སྐྱོན་གཏན་འགོག་བྱས་ཡོད། ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་འགན་ནུས་ཚན་པར་མཉམ་འབྲེལ་བྱས་ནས་དུག་རྫས་བཟོ་ཐུབ་པའི་དངོས་རྫས་དང་། དོ་དམ་གྲས་སུ་བཅུག་མེད་པའི་རྫས་འགྱུར་དངོས་རྫས། སེམས་ཁམས་མྱོས་པའི་དངོས་རྫས་གསར་པ་བཅས་ལ་སྔར་བས་གྲལ་བཤེར་དང་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། ཁ་ཞེང་ཆེ་བའི་ཤེལ་དམ་དང་དེ་བཞིན་དུག་བཟོའི་དངོས་རྫས་རིགས་30ལྷག་ཙམ་ལ་རྒྱུན་གཏན་གྱི་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། ཆིང་རླངས་ཤེལ་དམ་གྱི་ཡིག་ཚགས་བཟོ་རྒྱུ་དང་། བླུགས་པ། ཕྱིར་ཚོང་བཅས་ཀྱི་མིང་ངོ་མ་འགོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་འབྱམས་སྐྱོན་གྱོད་གཞི(དོན་རྐྱེན)ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད།