སྣེ་གདོང་ཆུས་ཁྲིམས་ཁང་གིས་གྱོད་དངུལ་སྒོར་ཁྲི་1531གཅིག་སྡུད་ཐོག་སྤྲད་པ།
“སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་ལག་བསྟར་ནུས་པ་ཆེན་པོ་འདུག”ཅེས་ལག་བསྟར་རེ་ཞུ་བྱེད་མཁན་སྣེ་གདོང་ཆུས་སྐྱེལ་འདྲེན་རུ་ཁག་ཅིག་གི་འགན་འཁུར་བར་ལག་བསྟར་བྱས་པའི་གྱོད་དངུལ་སྒོར་ཁྲི་260རག་རྗེས་ཁྲིམས་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད་ཐུགས་རྗེ་ཆེའང་ཞུས་པ་རེད། ཟླ་6ཚེས་4ཉིན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་དམངས་འཚོར་འགན་ལེན་དང་། དངུལ་རྩ་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྱོད་དངུལ་སྒོར་ཁྲི་1500ལྷག་ཙམ་གཅིག་སྡུད་ཐོག་སྤྲད་པ་དང་ཁ་མཆུ་ཐོབ་མཁན་དོ་བདག་གི་ཁེ་དབང་ལ་དུས་ཐོག་ཏུ་སྲུང་སྐྱོང་ཐུབ་པར་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལག་བསྟར་གྱི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དངུལ་རྩ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ལག་བསྟར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ནུས་པ་ལྡན་པ་དང་། མི་གཤིས་ལྡན་པ། མྱུར་ཚད་ལྡན་པ་བཅས་ཀྱི་ལག་བསྟར་བྱ་སྤྱོད་མང་པོ་སྤྱད་ནས་དམངས་འཚོར་འགན་ལེན་བྱེད་པ་དང་། དངུལ་རྩ་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཚད་དང་ལག་བསྟར་ལེགས་གྲུབ་བྱེད་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་འདེགས་སྐྱོར་དང་སྣེ་གདོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།