དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གློག་སྤྱོད་བདེ་འཇགས་དྲིལ་བསྒྲགས་བྱས་ནས། གློག་ཤུགས་སྒྲིག་བཀོད་ཁྲིམས་ལྟར་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    འདི་ནི་སྡེ་ཁུལ་གྱི་དང་བླངས་པས་ངང་རྒྱུད་རིང་པོས་མང་ཚོགས་ལ་གློག་སྤྱོད་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་སྡེ་ཁུལ་གྱི་དང་བླངས་པ་དང་མཉམ་དུ“གནོད་འཚེའི་ཉེན་ཁ་འགོག་སེལ་གྱིས་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གློག་སྤྱོད་བདེ་འཇགས་རྒྱུན་ཤེས་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་གྱི་ས་ཡུལ་དངོས་སུ་ལས་དོན་པས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་མང་ཚོགས་ལ་གློག་ཤུགས་སྒྲིག་བཀོད་གཏོར་སྐྱོན་གྱི་གནོད་འཚེ་དང་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་དྲིལ་བསྒྲགས་བྱས་ནས། མང་ཚོགས་ལ་གློག་ཤུགས་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་ཡང་དག་བྱས་ཏེ། མི་ལུས་དང་གློག་དྲའི་བདེ་འཇགས་འགན་ལེན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།