དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    1. ཚང་མས་ཆ་རྒྱུས་མེད་པའི་ཁ་པར་དང་ཆ་འཕྲིན་ལ་གང་བྱུང་དུ་ཡིད་ཆེས་མི་བྱེད་པ་དང་། རྒྱུས་མེད་མི་ལ་རང་ཉིད་དང་ནང་མིའི་ཐོབ་ཐང་ཆ་འཕྲིན་དང་། བཅོལ་དངུལ། དངུལ་ཁང་གི་རྩིས་ཁྲ་སོགས་གང་བྱུང་དུ་མི་ཤོད་པ། གཞན་གྱི་མགོ་སྐོར་འོག་མི་ཚུད་པའི་ཆེད་དུ། “གཞན་ལ་གང་བྱུང་དུ་ཡིད་ཆེས་མི་བྱེད་པ་དང་། སྒེར་གྱི་ཆ་འཕྲིན་མི་ཤོད་པ། དྲ་ཚིགས་གང་བྱུང་ནང་མི་འཛུལ་བ། དངུལ་མི་སྒྱུར་བ”བཅས་མཐའ་གཅིག་ཏུ་བྱེད་དགོས་པ།

    2. ནམ་ཞག་རྒྱུན་དུ“བྱ་དགའ་ཆེན་པོ་ཐོབ་བཞག”ཟེར་བ་སོགས་ཀྱི་ཁ་པར་དང་ཆ་འཕྲིན་འབྱོར་སྐབས། ངེས་པར་དུ་བསམ་བློ་མང་ཙམ་གཏོང་བ་དང་། གཞན་ལ་སྐད་ཆ་མང་ཙམ་འདྲི་བ། “གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པ”དུས་ནམ་ཡང་སེམས་ལ་བརྟན་པོར་ངེས་དགོས།

    3. རྒྱ་ཆེའི་མང་ཚོགས་ཀྱིས་ཁ་པར་ནང“རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས”ཀྱི་APPཕབ་ལེན་བྱེད་དགོས་པ།

    4. བྲིན་རྫུའི་བྱེད་སྤྱོད་ནི་ཁྲིམས་འགལ་ཡིན་ཞིང་། སྔོན་ལ་དངུལ་བླུག་ཏུ་འཇུག་པའམ་ཡང་ན་མ་དངུལ་གཏའ་མར་འཇོག་ཏུ་འཇུག་པའི་བྲིན་རྫུའི་བྱེད་སྤྱོད་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས། ཡིད་གཟབ་བྱེད་དགོས་ལ། དྲ་ཚིགས་རྫུན་མ་དང་Appརྫུན་མར་ཡིད་གཟབ་བྱེད་དགོས།

    5. “གཏའ་མ་འཇོག་མི་དགོས་པ་དང་། འགྲོ་ལུགས་རྙོག་དྲ་ཚ་པོ་གཉེར་མི་དགོས་པ། སྐྱེད་ཀ་དམའ་བ། དངུལ་བུན་གཏོང་མགྱོགས་པ”བཅས་ཀྱི་དྲ་ཐོག་དངུལ་བུན་ལས་སྟེགས་གང་ཞིག་ཡིན་རུང་ཚང་མར་ཡིད་ཆེས་བྱེད་མི་རུང་།

    6. སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་སོགས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་བརྫུས་ནས། དངུལ“བདེ་འཇགས་ཀྱི་རྩིས་ཁྲར”བསྒྱུར་དགོས་པའི་རེ་བ་བཏོན་རིགས་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས་ཡིད་གཟབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།