མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱིས།
གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཐག་གཅོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི་འགན་འཁྲི་ནན་དུ་བཏང་བ།
འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱིས་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིར་བསྐྱོད་དེ། “ཞབས་འདེགས་གཉིས་དང་མཉམ་འདྲེས་གཉིས”ཀྱི་ཁེ་ལས་ལ་རོགས་རམ་གྱི་གདོང་ལེན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཆོན་ཡུང་ཁང་གིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་ལམ་ལུགས་སྣ་ཚོགས་དང་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས། ལས་གྲྭ་འཛུགས་སྐྲུན་དང་། སྤྱིའི་འགན་གཙང་། ཁག་བགོས་འགན་གཙང་། ལྟ་སྐུལ་དོ་དམ་སོགས་ཚན་པས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་ལས་གསལ་པོ་ཐུབ་པ་རེད། དེ་དང་ཆབས་ཅིག་ངལ་ནུས་གན་རྒྱ་འཇོག་པ་དང་ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བཏབ་ནས་དོགས་པ་བསལ་བ་མ་ཟད། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་གསལ་བཤད་ཡི་གེ་དང་ཁེ་དབང་སྲུང་སྐྱོང་གི་དྲིལ་བསྒྲགས་དེབ་སོགས་ཁག་300ལྷག་ཙམ་སྤྲད་དེ། རྒྱ་ཆེའི་ཞིང་པ་ལས་མིར་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ནས་ཁོང་ཚོའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཐག་གཅོད་བྱེད་པ་དང་གཞི་རིམ་བཅོས་སྐྱོང་གི‘འགན་འཁྲིའི་དྲ་བའི’ཚགས་དམ་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་དང་གླ་ཕོགས་གཏོང་སྤྲོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་ཡག་པོ་བྱས་ཏེ། དྲིལ་བསྒྲགས་ཀྱི་སྣ་འདུས་ཐབས་བཟང་བཏོན་ནས་གླ་ཆད་རྩ་བཅོས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།