ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོས།
“ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་བཏང་། བཅའ་ཁྲིམས་ཁྱབ་གདལ་བཏང་ནས་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
“ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་བཏང་། བཅའ་ཁྲིམས་ཁྱབ་གདལ་བཏང་ནས་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོར་སྤེལ་བ་དང་། བྱེད་སྒོ་དེ་ནི་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་བཅའ་ཁྲིམས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པས“ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་བཏང་། བཅའ་ཁྲིམས་ཁྱབ་གདལ་བཏང་ནས་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པར་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་ཞིག་རེད།
འཆད་ཁྲིད་བྱེད་རིང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་དང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དགོས་གཏུགས་རང་བཞིན། “སྲུང་སྐྱོང་ཆེན་པོ་དྲུག”དམ་འཛིན་བྱ་གཞིར་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་མཉམ་དུ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་སློབ་མའི་དོན་དངོས་དང་མཐུན་པའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཉེས་གསོག་གི་འབྱུང་རྩར་དབྱེ་ཞིབ་དང་། ཉེས་གསོག་གི་བྱེད་སྤྱོད་ལ་དམིགས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་རྒྱག་པ། སྲུང་སྐྱོང་བྱེད་ཐབས་སློབ་པ་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་ཁྲི་20ལྷག་ཙམ་གྱིས་དྲ་ཐོག་ནས་སློབ་ཚན་ཉན་པ་རེད།