དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཆབ་མདོ་གྲོང་ཁྱེར་གྱིས་2024ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དངོས་འཐབ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    འདི་ནི་མེ་གསོད་རུ་མིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།

     ཁོངས་གཏོཌ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཀྱི་མཐུན་སྦྱོར་དམག་འཐབ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ནགས་ཚལ་མེ་གསོད་དཔུང་ཁག་གི་ལས་འགན་སྒྲུབ་ནུས་ལ་སྦྱོང་བརྡར་བྱ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་2024ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དངོས་འཐབ་ནང་སྦྱོང་བྱས་པ་རེད།

    ཐེངས་འདིའི་ནང་སྦྱོང་ནི་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ནཌ་ཚལ་དང་རྩྭ་ཐང་མེ་འགོག་མེ་གསོད་བཀོད་འདོམས་གཞུང་ལས་ཁང(ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས)དང་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་སྒྲུབ་འགན་ཁུར་ཡོད། གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་དང་། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག གྲོང་ཁྱེར་གནམ་གཤིས་ཅུས་སོགས་ཚན་པ་11མཉམ་དུ་ཞུགས་ལ། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་སྐབས་བསྟུན་ནང་སྦྱོང་དང་འཇགས་རྣམ་ནང་སྦྱོང་གཉིས་སུ་ཕྱེ་བ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་ནང་སྦྱོང་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་དབར་གྱི་བཀོད་འདོམས་བཀོད་གཏོང་དང་། འཕྲལ་དུ་བརྡ་ལན་སློག་པ། གནོད་འཚེ་ཐག་གཅོད། མཐུན་སྦྱོར་གཞོགས་འདེགས། འཕྲལ་སྡོམ་འགན་སྲུང་བཅས་ཀྱི་ནུས་པར་སྐབས་བསྟུན་ཞིབ་བཤེར་བྱས་ནས། འཕྲལ་སྡོམ་གྱི་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་མཐུན་སྦྱོར་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།