ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གིས།
མི་ཐབས་ལ་བརྟེན་ནས་ཐན་འགོག་མྱུག་སྲུང་བྱས་པ།
ཉིན་ཤས་བསྟུད་མར་ཚ་བ་ཆེ་བའི་གནམ་གཤིས་བསྟན་པ་ལས་ཆབ་མདོ་གྲོང་ཁྱེར་འགུ་རོ་གྲོང་རྡལ་ཉེ་འཁོར་གྱི་ལོ་ཏོག་རིམ་བཞིན་རྙིད་ཅིང་། ཐན་སྐྱོན་ཆེ་བའི་ཛ་དྲག་གི་དུས་སུ་ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གིས་འཕྲལ་མར་མེ་ཟོན་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་མིའི་ཞིང་ཁར་ཆུ་བཏང་བ་རེད།
ཚ་གདུག་ཆེ་བའི་གནམ་གཤིས་འོག མེ་ཟོན་རུ་མིས་ལུང་པའི་མདའ་ནས་ཡུར་ཆུ་དྲངས་ནས་ཞིང་ཁར་བཏང་སྟེ། ལོ་ཏོག་སོས་ལ་ཡུལ་མི་རྣམས་ཀྱང་བློ་བདེ་བར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཁྱོན་ཞིང་ཆུ་ཏུན་8བཏང་བ་རེད།
འདི་ནི་ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་ཟོན་པས་འགུ་རོ་གྲོང་རྡལ་གྱི་ཡུལ་མིར་ཞིང་ཆུ་གཏོང་རོགས་བྱེད་བཞིན་པ།
འདི་ནི་མེ་ཟོན་པ་དང་འགུ་རོ་གྲོང་རྡལ་གྱི་ཡུལ་མིས་ཞིང་ནང་དུ་ཆུ་གཏོང་ཚུལ་ལ་ལྟ་བཞིན་པ།