དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-29

    ཉེ་ཆར། “སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་སློབ་མའི་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ལྷ་སར་སྤེལ་བ་དང་། བྱེད་སྒོར་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭའི་བཅའ་ཁྲིམས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་བྱེད་སྐབས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་དང་དགོས་གཏུག་རང་བཞིན་དང་། “སྲུང་སྐྱོང་ཆེན་པོ་དྲུག”དམ་འཛིན་བྱ་གཞིར་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐབས་སོགས་ལ་སློབ་མའི་དོན་དངོས་དང་ཐག་ཉེ་བའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཉེས་གསོག་གི་འབྱུང་རྩ་དབྱེ་ཞིབ་དང་། ནོར་འཁྲུལ་གྱི་བྱེད་སྤྱོད་ལ་དམིགས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད། སྲུང་སྐྱོང་བྱེད་ཐབས་བརྒྱུད་ཁྲིད་བཅས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁོང་ཚོའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཁོང་ཚོ་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།