དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ས་ཡོམ་ཆེན་པོ་དང་གནོད་འཚེ་ཚབས་ཆེན་གྱི་འཕྲལ་སྡོམ་གྲ་སྒྲིག་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་དང་སྡེ་ཚན་ཁག་གི་འཕྲལ་སྡོམ་དམག་འཐབ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། “2024ལོའི་ཉིང་ཁྲིའི་འཕྲལ་སྡོམ་དམག་སྦྱོང”གི་ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་འཕྲལ་སྡོམ་གྱི་ནང་སྦྱོང་དེ་བྲག་ཡིབ་ཆུས་སུ་བྱས་པ་རེད།

    ཐེངས་འདིའི་ནང་སྦྱོང་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ས་ཡོམ་རིམ་པ་5.9བརྒྱབ་ཁུལ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཁུལ་བྱས་ཤིང་། ས་ཡོམ་བརྒྱབ་རྗེས། ཉིང་ཁྲི་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡིས་ཚད་མཐོའི་མཐོང་ཆེན་གྱིས་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་བ་དང་། བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ལ་འཕྲལ་མར་འབྲེལ་གཏུག་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)སོགས་ཀྱི་གནོད་འཚེ་ཕོག་ཚུལ་ལ་ཞིབ་དཔྱད་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།