དབུ་ཤོག>ཁྲིམས་ལུགས།
  • ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས།

    “བཅའ་ཁྲིམས་ཁྱབ་གདལ+N”བྱེད་སྟངས་སྤྱད་དེ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་རིང་། ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱེད་བཞིན་པ།

    2024ལོའི་ཟླ་ལྔ་པ་ནི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ་ཐེངས་བཞི་པ་ཡིན། ཉིན་ཤས་བསྟུད་མར། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས“བཅའ་ཁྲིམས་ཁྱབ་གདལ+N”བྱེད་སྟངས་དམ་འཛིན་བྱ་གཞིར་བྱས་ཐོག“བཅའ་ཁྲིམས་བདུད་རྩིས་གངས་ལྗོངས་མཐའ་མཚམས་བརླན་པར་བྱེད”པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ལས་དོན་དེ་ཁྲིམས་སྒྱུར་ལས་སྒྲུབ་དང་། མི་རིགས་མཐུན་སྒྲིལ། ཁོངས་གཏོགས་སུ་ཞབས་འདེགས་སོགས་ཀྱི་ལས་དོན་ཁྲོད་ཁྱབ་པར་བྱས་པ་དང་སྦྲགས། བྱེད་སྟངས་སྣ་ཚོགས་སྤྱད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    “བཅའ་ཁྲིམས་ཁྱབ་གདལ+ཁྲིམས་སྒྱུར་ལས་སྒྲུབ”ཀྱི་བྱེད་སྟངས་སྤྱད་དེ་ཁྲིམས་སྐྱོང་མཐའ་སྲུང་གི་བདེ་འཇགས་སྲུང་རགས་བསྐྲུན་པ། ཉིང་ལག་རུ་ཁག་གིས་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ནས་དྲ་ཐོག་ཏུ་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ལན་འདེབས་བྱེད་སྒོ་སྤེལ་བ་དང་། རིམ་པ་ཁག་གི་མི་དམངས་ཉེན་རྟོག་པར་ཁྲིམས་སྒྱུར་ལས་སྒྲུབ་བྱེད་སྐབས་དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་རྒྱུ་དྲིལ་བསྒྲགས་དང་། སྐུལ་འདེད། འགན་ལེན་བཅས་བྱེད་པར་ཁྲིད་སྟོན་བྱས་པ་དང་། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་ཧུར་ཐག་འདོན་པ། དམངས་དོན་ཁྲིམས་གཞུང་ལ་བརྟེན་ནས་མཐའ་མཚམས་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་མཐའ་མཚམས་མང་ཚོགས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཐུབ་པ་བཅས་བྱས་ནས། ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་ཤེས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རང་ངོས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་གྲལ་བཤེར་ལས་དོན་སྤེལ་སྐབས་དབྱར་རྩྭ་དགུན་འབུ་སྔོག་མཁན་མང་ཚོགས་ལ་ས་མཚམས་བརྒལ་ནས་སྔོག་པའམ་བརྐུས་ནས་སྔོག་པ། བཙན་པོ་དབང་ཡོད་ཀྱིས་སྔོག་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཚབས་ཆེའི་རང་བཞིན་དང་གནོད་འཚེའི་རང་བཞིན་གསལ་བཤད་བྱས་པ་དང་ཆབས་ཅིག མང་ཚོགས་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། གལ་སྲིད་གནད་དོན་འཕྲད་ཚེ་ཁྲིམས་ལྟར་ལུགས་མཐུན་གྱི་རེ་བ་བཏོན་ཏེ་བཅའ་ཁྲིམས་ཀྱི་ཐབས་ལམ་ལ་བརྟེན་ནས་འགལ་རྩོད་ཐག་གཅོད་ཀྱིས་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པར་ཁྲིད་སྟོན་བྱས་པ་རེད།

    “བཅའ་ཁྲིམས་ཁྱབ་གདལ+མི་རིགས་མཐུན་སྒྲིལ”གྱི་བྱེད་སྟངས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་མེ་ཏོག་བཞད་པར་བྱས་པ། ལེགས་པོ་དང་མདོ་ཡུལ་མཐའ་མཚམས་མངགས་གཏོང་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་ཡན་ལག་རུ་ཆུང་ཞིག་བཙུགས་ཏེ་ཁོངས་གཏོགས་ཀྱི་ཚོང་དུད་དང་ཞིང་འབྲོག་པའི་ཁྱིམ་དུ་འཚམས་འདྲི་དང་བཅའ་ཁྲིམས་ཁྱབ་གདལ་ལ་མངགས་པ་དང་། ཁོང་ཚོས་གོ་སླ་བའི་སྐད་ཆའི་ལམ་ནས་མཐའ་མཚམས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་བྱེད་ཕྱོགས་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་འགྲེལ་བཤད་བརྒྱབ་ནས། མཐའ་མཚམས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་རྣམ་པ་ཧུར་ཐག་བཏོད་དེ་དམངས་དོན་ཁྲིམས་གཞུང་མཐའ་མཚམས་མང་ཚོགས་ཀྱི་སེམས་སུ་དངོས་འབྲེལ་ཟུག་པར་བྱས་པ་རེད། ལྷོ་བྲག་མཐའ་མཚམས་དོ་དམ་རུ་ཆེན་དང་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲོམ་གཞུང་དང་ཁོངས་གཏོགས་སུ“སྐོར་སྐྱོད་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་མང་ཚོགས་དང་བར་ཐག་མེད་པར་བཅའ་ཁྲིམས་ཁྱབ་གདལ་བཏང་བ་རེད།

    “བཅའ་ཁྲིམས་ཁྱབ་གདལ+ཁྱིམ་མཚེས་དུད་ཚང་གཅིག”གི་བྱེད་སྟངས་སྤྱད་དེ་དམངས་ཀྱི་དཀའ་ངལ་སེལ་བ། ཀོང་རི་མཐའ་མཚམས་མངགས་གཏོང་ཁང་གིས“རྗེས་འདེད་ཐག་གཅོད་དང་། སློབ་གསོ་དྲིལ་བསྒྲགས། མཐུན་སྦྱོར་འབྲེལ་མཐུད”བཅས་དམིགས་ཚད་དུ་བཟུང་ནས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པ་ལས་ཐོན་པའི་འགལ་རྩོད་ཅིག་ཐག་གཅོད་ཡག་པོ་བྱས་ནས། ཞིང་པ་ལས་མི་2ལ་གླ་ཕོགས་སྒོར་12400བླངས་ནས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།