བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།
དམག་སྦྱོང་དང་དམག་གྲབས་ལ་དམ་འཛིན་བྱས་ནས་རོགས་སྐྱོབ་ཀྱི་གཞི་རྩའི་རྩལ་ནུས་ལ་རྨང་གཞི་བརྟན་པོ་བཏིང་བ།
པར་འདི་དག་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་དམག་སྦྱོང་བྱེད་སྒོ་ཆེན་པོ་སྤེལ་ཡུལ་ཡིན་པ།
ཉིན་ཤས་རིང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དངོས་འཐབ་ཀྱི་དགོས་མཁོར་དམིགས་ཏེ་དམག་སྦྱོང་བྱེད་སྒོ་ཆེན་པོ་གོ་སྐབས་སུ་བྱས་ནས་སྦྱོང་བརྡར་གྱི་ཚ་རླབས་མུ་མཐུད་འཕྱུར་བར་བྱས་པ་རེད།
དམག་སྦྱོང་བྱེད་སྒོ་ཆེན་པོ་སྤེལ་བ་ནས་བཟུང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྦྱོང་བརྡར་བྱེད་སྟངས་སྣ་ཚོགས་ལ་བརྟེན་ཏེ་རྒྱུན་དུ་ནས་དམག་གྲབས་ལ་དམ་འཛིན་བྱེད་པའི་ཁྲོད་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དམག་སྦྱོང་དང་ནང་སྦྱོང་བྱས་ནས་འཐབ་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། “དམག་ཡོངས་ཀྱི་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར”ལ་སྣེ་ཁྲིད་བྱས་ནས་དུས་བཀག་ལྟར་དུས་མཚམས་རང་བཞིན་གྱི་ཞིབ་དཔྱད་སྒྲིག་འཛུགས་བྱེད་པ་དང་སྦྱོང་བརྡར་གྱི་ཡིག་ཚཌ་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་བ། སྦྱོང་བརྡར་གྱི་ཕན་འབྲས་རྗེས་སྙེག་བྱས་ནས་དམག་སྦྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་བཅས་རེད།
གཞན་ཡང་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ད་དུང་ཐོལ་བྱུང་ས་ཡོམ་གྱི་རོགས་སྐྱོབ་འདྲ་བཟོའི་མཚན་མོའི་སྦྱོང་བརྡར་བྱས་པ་དང་། དངོས་འཐབ་དངོས་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་དཀའ་ཚད་རིམ་བཞིན་མཐོ་རུ་བཏང་ནས་སྦྱོང་བརྡར་ལ་ཞུགས་མཁན་ཡོངས་ཀྱི་མཐུན་སྦྱོར་གཞོཌ་འདེཌ་དང་དེ་བཞིན་གནས་སྐབས་ཐག་གཅོད་བྱེད་ནུས་ལ་ཚོད་བགམ་བྱས་ཏེ་མཚན་མོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་དཔུང་ཁག་གི་དངོས་འཐབ་ཆུ་ཚད་ལ་ཞིབ་བཤེར་ནུས་ལྡན་བྱས་པ་རེད།