དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་སྲོལ་གསར་འཛུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་ཁང་གི་ཧྥེ་ཆེ་གེ་མོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་སྟབས་ཞིབ་བཤེར་ཐག་གཅོད་བྱས་ཤིང་། ཁོ་པས་གནོང་འགྱོད་ཆེན་པོས། “སྔོན་མ་ངས་རྟག་ཏུ་བསམ་བློ་སྟབས་བདེ་པོ་རྐྱང་རྐྱང་བཏང་ནས་སྟོན་མོར་འགྲོ་བ་ནི་གནད་དོན་ཆེན་པོ་ཞིག་མ་རེད་བསམ་གྱི་ཡོད། ད་ཐེངས་ཞིབ་བཤེར་ཐག་གཅོད་བྱས་རྗེས། ངས་རང་ངོས་ཀྱི་གནད་དོན་ལ་ངོས་འཛིན་ཟབ་མོ་བྱུང་བས། སླད་ཕྱིན་རང་འདོམས་ནན་པོ་བྱས་ཏེ། སྒྲིག་ལམ་དང་ཚད་གཞི་མཐའ་གཅིག་ཏུ་བསྲུང་གི་ཡིན་ཞེས་བརྗོད།

    སྤྱོད་ཚུལ་འཛུགས་སྐྱོང་ལ་མཚམས་འཇོག་རྒྱུ་གཏན་ནས་མེད་པས། “སྤྱོད་ཚུལ་བཞི”ཡོ་བསྲང་ཇི་ཙམ་བྱས་པ་དེ་ཙམ་གྱིས་དཀའ་ངལ་ཆེན་པོ་འཕྲད་ངེས་ནའང་། ཕྱིར་བཤོལ་མེད་པར་མདུན་སྐྱོད་བྱེད་པར་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་ཡིན། ལག་ལེན་གྱི་ཁྲོད་ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་པོ་ཡུན་རིང་ཕུགས་ཕན་གྱི་འགྱུར་མེད་སྒྲིག་ཁྲིམས་དང་ཚད་གཞི་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་གཙོ་གནད་དུ་བརྩིས་ནས། བསམ་གཞིག་གནད་སྨིན་བྱ་རྒྱུ་མངོན་གསལ་དོད་སར་འཇོག་པ་དང་གཙོ་གནད་ལ་ལྟ་སྐུལ་བྱ་རྒྱུར་དམིགས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། ཉིང་ཁྲིའི་ཁུལ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་གནད་སྨིན་ཡོང་བར་བྱས་ཤིང་། 2023ལོ་ནས་བཟུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་53ལ་ཞིབ་བཤེར་ཐག་གཅོད་དང་མི་37ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བཏོན་པ་ནས་བཟུང་། ཚང་མས་སྤྱོད་ཚུལ་རུལ་སུངས་སུ་གྱུར་བ་དང་། སྤྱོད་ཚུལ་དང་རུལ་སུངས་གཞི་གཅིག་ཏུ་གྱུར་པའི་དངོས་ཡོད་ཀྱི་ཉེན་ཁ་དང་གནོད་འཚེ་ཚབས་ཆེན་ལ་དེ་བས་ངོས་འཛིན་གསལ་པོ་བྱུང་ཡོད། འོན་ཀྱང་། ཚན་པ་དང་མི་སྒེར་ཁག་གཅིག་གིས་དེར་དོ་སྣང་དེ་ཙམ་མི་བྱེད་པ་དང་། སྤྱོད་ཚུལ་གྱི་གནད་དོན་དེ་སྔར་བཞིན་བྱ་བ་ཆུང་ཙག་དང་ལྷུ་ཚིགས་ཆུང་གྲས་ཤིག་ཏུ་བརྩི་བཞིན་ཡོད་སྟབས། མཐར་སྒྲིག་འགལ་ཁྲིམས་འགལ་གྱི་གཡང་སར་ལྷུངས་ཡོད”ཅེས་བརྗོད།

    སྤྱོད་ཚུལ་རུལ་སུངས་སུ་འགྱུར་བའི་འབྲེལ་ཐག་གཅོད་ཆེད། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཀྱི་ཐབས་འགོད་དང་སྤྱོད་ཚུལ་ཡོ་བསྲང་བྱ་རྒྱུ་གཉིས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གཙོ་གནད་དུས་ཚོད་ཀྱི་མཚམས་ཚིགས་ལ་དམིགས་ཏེ། “དུས་ཆེན་གོང་སྒྲིག་ལམ་གསལ་བཟོ་དང་། དུས་ཆེན་རིང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཆེན་རྗེས་འགན་འཁྲི་བདའ་འདེད་ནན་པོ་གཏོང་བའི”འགག་རྩའི་ལྷུ་ཚིགས་གསུམ་པོར་དམ་འཛིན་ནན་པོ་དང་། དུས་ཆེན་རིང་ལྟ་སྐུལ་ཞིབ་བཤེར་དང་། ཆེད་དོན་སྐོར་གཡེང་། མངོན་བཤེར་ལྐོག་ཞིབ་སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་ལ་བརྟེན་ནས་སྒྲིག་འགལ་གྱི་བཟའ་བཏུང་དང་། གཏན་འབེབས་ལས་འགལ་ནས་ཕོགས་སྣོན་ཁ་གསབ་བམ་ཕན་བདེ་སྤྲོད་པ། སྒྲིག་འགལ་ངང་ལག་རྟགས་ལེན་པ། སྒྲིག་འགལ་ངང་གཞུང་འཁོར་རང་བདག་དང་རང་སྤྱོད་བྱེད་པ། ལས་ཤག་གི་ཆེ་ཆུང་ཚད་གཞི་ལས་བརྒལ་བ། ཆང་རག་བཏུང་ནས་འཁོར་རིགས་གཏོང་བ་དང་ར་བཟི་ནས་འཁོར་རིགས་གཏོང་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ། སྔ་ཙམ་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་ནན་པོ། དམ་འཛིན་མགྱོགས་པོ་བཅས་བྱས་ནས། སྤྱོད་ཚུལ་རུལ་སུངས་སུ་འགྱུར་བའི་ལམ་བུ་མཐའ་གཅིག་ཏུ་བཀག་པ་རེད། 2023ལོ་ནས་བཟུང་། རིམ་རྩིས་བྱས་ན་ལྟ་སྐུལ་ཞིབ་བཤེར་ཐེངས་465བྱས་པའི་ཁྲོད། བཅོས་སྒྲིག་བྱེད་དགོས་པའི་གནད་དོན་ཁག་343ཤེས་རྟོགས་དང་། བསམ་འཆར་དང་གྲོས་འགོ་ཁག་26བཏོན་པ། གནད་དོན་གྱི་ཁུངས་སྣེ་ཁག་66རྩིས་སྤྲད་ཡོད་པ་རེད།

    སྤྱོད་ཚུལ་གྱི་འཛིང་རགས་བརྟན་དུ་བཏང་སྟེ་གྱོད་དཔེ་ཞིབ་བཤེར་དང་ཐག་གཅོད་ཁྲོད་ནས་བསླབ་བྱ་བླངས་ཏེ་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་མཚམས་ཚིགས་སྐབས་བརྡ་ཁྱབ་གཏོང་བ་དང་། ཉེན་ཟོན་སློབ་གསོའི་རབ་བཏགས་རི་མོའི་བརྡ་ཁྱབ་བཟོ་བ། སྤྱོད་གཙང་དྲིལ་བསྒྲགས་ཀྱི་བརྙན་ཐུང་སྟོན་པ། ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་ཁྲིད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་ཡོན་ལས་བྱེད་པས་བསླབ་བྱ་ལེན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པས། འཇིགས་བཀུར་གྱི་སེམས་པ་སྐྱེས་པ་དང་བྱ་སྤྱོད་ཀྱི་དབྱེ་མཚམས་འབྱེད་ཐུབ་ནས། རྒྱུན་ཆད་མེད་པར་སྤྱོད་ཚུལ་སྒྱུར་བཅོས་དང་སྲོལ་གསར་འཛུགས་ཐུབ་པ་བྱུང་ཡོད། མིག་སྔར། “ཉིང་ཁྲི་སྒྲིག་བཤེར་ལྟ་ཞིབ”ཀྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སོགས་ལས་འགལ་བའི་དཔེ་མཚོན་གྱོད་གཞི་ཁག་17ཁྲོད་ཀྱི་མི་31དམར་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།