དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲིའི་སྤྱི་བདེས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་གཉིས་བཀུར་མཉམ་གཏོད་བྱེད་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་བྲག་ཡིབ་ཆུས་སློབ་འབྲིང་གི་སློབ་མས་དམིགས་བསལ་ཉེན་རྟོག་པའི་རུ་མིའི་མཛུབ་ཁྲིད་འོག་དབྱིངས་ཞུགས་རྣམ་པའི་སྒོ་ནས་ཉེན་སྤྱོད་སྒྲིག་ཆས་སྤྱོད་སྟངས་ལ་ཉམས་ལེན་བྱེད་བཞིན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་གཉིས་བཀུར་གཞུང་དོན་ཁང་དང་། གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། བྲག་ཡིབ་ཆུས་སློབ་འབྲིང་བཅས་དང་མཉམ་དུ“དམག་ཉེན་དམངས་ཀྱིས་ལག་གདང་གཅིག་ཏུ་སྦྲེལ། གཉིས་བཀུར་དཔེ་བཟང་གྲོང་ཁྱེར་མཉམ་དུ་གཏོད”ཅེས་པའི་ཉེན་རྟོག་པའི་སྒར་སའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་། གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ། བྲག་ཡིབ་ཆུས་སློབ་འབྲིང་གི་དགེ་སློབ་སོགས་ཀྱིས་ས་གནས་ས་ཐོག་ཏུ་དམིགས་བསལ་ཉེན་རྟོག་པའི་འཐབ་རྩལ་དང་། མེ་མདའ་རྒྱག་སྟངས། འཕྲལ་སྡོམ་དབྱུག་རྩལ། དམག་ཁྱི་རུ་ཆེན་གྱིས་འབར་རྫས་གྲལ་བཤེར་སོགས་ཀྱི་ནང་དོན་ངོམ་སྟོན་བྱས་པ་དང་། དམིགས་བསལ་ཉེན་རྟོག་པའི་རུ་མིས་ངང་རྒྱུད་རིང་པོས་སྒྲིག་ཆས་ཁག་གི་མིང་དང་། ནུས་པ། སྤྱོད་སྒོ་སོགས་ངོ་སྤྲོད་བྱས་ནས། ཚང་མར་དབྱིངས་ཞུགས་རྣམ་པའི་སྒོ་ནས་སྒྲིག་ཆས་སྤྱོད་སྟངས་ལ་ཉམས་ལེན་ཐུབ་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།