དམག་གསར་ལེན་ཤོག་ཏུ་བསྐྱོད་ནས་དམག་དཔུང་གི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།
པར་འདི་ནི་བོད་ལྗོངས་ལྷ་ས་ཉེན་ཟོན་ཁུལ་གྱི་ཐོན་ཤོག་ཅིག་གི་འགོ་འཛིན་གྱིས་དམག་མི་གསར་པར་ཁ་བཏགས་གཡོག་བཞིན་པ།
ཉེ་ཆར། བོད་ལྗོངས་ལྷ་སའི་ཉེན་ཟོན་ཁུལ་གྱི་ཐོན་ཤོག་ཅིག་ཏུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དམག་གསར་བློ་མཐུན་109འབྱོར་བ་རེད། ཟླ་གསུམ་གྱི་གོང་དུ། ཁོང་ཚོས་དམག་སྒར་དུ་སྦྱོང་བརྡར་ནན་པོ་དང་ལེན་བྱས་པ་དང་། ད་ཆ་ཁོང་ཚོ་མཚོ་བོད་ས་མཐོར་བསྐྱོད་དེ་རྒྱལ་སྲུང་མཐའ་སྲུང་གི་ལས་ལ་གཞོལ་རྒྱུ་རེད།
བློ་མཐུན་གསར་པ་དམག་སྒར་གྱི་འཚོ་བ་དང“ཁྱིམ་ཚང་ཆེན་པོ”གསར་པའི་ནང་གང་མགྱོགས་མཉམ་འདྲེས་ཐུབ་པ་བྱ་ཆེད། ཐོན་ཤོག་དེས་དམག་སྒར་ནང་ཞུགས་པའི་མཛད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཡོད། སྐད་གསང་མཐོན་པོའི་དམག་གཞས་ཁྲོད་མཛད་སྒོ་འགོ་ཚུགས་ཤིང་། ཐོན་ཤོག་ཡོངས་ཀྱི་དཔོན་དམག་ཚོས་བརྩེ་བ་ཟབ་མོ་དང་སྤྲོ་སེམས་ཆེན་པོས་མི་དམངས་དམག་དཔུང་གི་དཀའ་སྡུག་ལ་མི་སྐྲག་པ་དང་འཐབ་རྩོད་བྱེད་ཕོད་པའི་སྤོབས་སེམས་གླུ་རུ་བླངས་ཡོད། ཁ་བཏགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་མཚོན་པ་མ་ཟད། ཐོན་ཤོག་གི་འགོ་འཛིན་གྱིས་འཐབ་གྲོགས་གསར་པར་བཅངས་པའི་སྨོན་འདུན་བཟང་པོའང་མཚོན་ཡོད། ཐོན་ཤོག་གི་འགོ་འཛིན་གྱིས་དམག་མི་གསར་པ་ཚང་མར་ལག་པ་བཏང་བ་དང་ཁ་བཏགས་གཡོགས་ཏེ། དམག་མི་གསར་པར་མངགས་བཅོལ་དང་སྨོན་འདུན་ཞུས་ནས་འཐབ་གྲོགས་གསར་པར་དཔུང་སྡེའི“ཁྱིམ་ཚང་ཆེན་པོའི”བྱམས་བརྩེ་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད།