དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • “ཤུགས་སྣོན་གསུམ”ལ་བརྟེན་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི “མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་མལ་གྲོ་གུང་དཀར་རྫོང་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པས་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་རྒྱག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་རྩོད་པའི་ལས་དོན་ཁང་གི“ཕྱོགས་གསུམ་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་རྒྱུན་མཐུད་ཤར་གཏོང་བྱས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    རྩ་འཛུགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་ཀྱི“དཔུང་ཁག་ཆུང་ཆུང”འཛུགས་སྐྱོང་ཡག་པོ་བྱས་ཤིང་། མལ་གྲོ་གུང་དཀར་རྫོང་གིས་རྫོང་ཁོངས་ཁྲིམས་རྩོད་ལས་དོན་ཁང་གི་ཏང་ཡོན་ཁྲིམས་རྩོད་པ་རྫོང་ཁྲིམས་འཛིན་ཅུས་ཀྱི་གཅིག་གྱུར་དོ་དམ་ནང་བཅུག་སྟེ། ཏང་ཙུའི་རིགས་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གི་སློབ་སྦྱོང་དང་ཏང་ཀྲི་པུའི“ཚོཊ་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་པ་བརྒྱུད་ཆབ་སྲིད་འཚོ་བ་ཚད་ལྡན་དུ་བཏང་བ་རེད།

    སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཕན་གྱི“སྐར་ཁུང་ཆུང་ཆུང”བེད་སྤྱོད་ཡག་པོ་བྱས་ཤིང་། “1+8”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་བཙུགས་ནས་རྫོང་ཁོངས་ཁྲིམས་རྩོད་ལས་དོན་ཁང་གི་ལས་ཀའི་ཉིན་མོའི“ལས་རེས”ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་དང་ཁེ་ལས་ལ་དུས་ཐོག་ཏུ་དམིགས་བསལ་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ཞབས་འདེགས་ཞུས་པ་རེད།

    སྤུས་དག་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་སྙིང་ཉེ་བའི“སྲུང་དམག་ཆུང་ཆུང”ཡག་པོ་བྱས་ཤིང་། ཞིང་པ་ལས་མིའི་གླ་ཕོཊ་སྤྲོད་དབང་སྲུང་སྐྱོང་ལས་གནས་བཙུགས་ཏེ་ཞིང་པ་ལས་མིའི་ངལ་རྩོལ་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞིར་ཉིན་དེ་རང་ལ་བདག་སྤྲོད་དང་། ཉིན་དེ་རང་ལ་མངགས་གཏོང་། རོགས་པ་གང་ཐུབ་བཅས་བྱས་པ་དང་། མང་ཚོགས་ཀྱི་འཚོ་བ་དང་ཁེ་ལས་གཉེར་སྐྱོང་བྱེད་རིང་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དུས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་དང་། བཅའ་ཁྲིམས་ཡིག་ཆ་ཚབ་འབྲི། གཏུག་བཤེར་མ་ཡིན་པའི་ལས་དོན་སོགས་ལ་རོགས་སྐྱོར་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།