དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆུ་ཤུར་རྫོང་ཚལ་སྣེ་ཤང་ཁྲིམས་འཛིན་སུའོ་ཡིས་གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་རེའི་གན་འཇོག་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཁྲིམས་འཛིན་སུའོ་རུ་དོན་སྙིང་ཆེན་པོ་ལྡན་པའི་གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་རེའི་གན་འཇོག་མཛད་སྒོ་འཚོགས་པ་རེད།

    “གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་རེའི”ལས་དོན་གཏིང་ཟབ་སྤེལ་བར་སྔར་བས་སྐུལ་འདེད་བཏང་ནས། ཚལ་སྣེ་ཤང་གི་གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ད་ཐེངས་ཀྱི་གན་འཇོག་མཛད་སྒོར་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ནས་དེ་ཉིན་གྲོང་ཚོ་ལྔས་ཐའེ་ཧོ་ཐའེ་ཁྲིམས་རྩོད་པའི་ལས་དོན་ཁང་དང་བཅའ་ཁྲིམས་བློ་འདྲིའི་གན་རྒྱ་དངོས་སུ་བཞག་པ་རེད།

    མཛད་སྒོར་ཚལ་སྣེ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ཝང་ཞའོ་དབྱི་ཡིས“གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་རེའི”ལས་དོན་གྱི་དོན་སྙིང་གལ་ཆེན་བརྗོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་བཤད་བྱས་པ་རེད། འདི་ནི་གན་རྒྱ་འཇོག་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།