རང་ཉིད་ནས་འགོ་བཙུགས་ཏེ་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ།
ལྷ་རྩེ་རྫོང་སྤྱི་བདེས་འགྲིམ་འགྲུལ་བདེ་འཇགས་རྨོག་ཞྭ་མི་གྱོན་པར་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་བ།
ཉེ་ཆར། ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྣེ་ཁྲིད་དེ་ཤང་དང་གྲོང་རྡལ་མངཌ་གཏོང་ཁང་དང་ཉེན་རྟོག་ལས་དོན་ས་ཚིགས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སྦག་སྦག་དང་གློག་སྒུལ་འཁོར་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་སྣ་ཚོཌ་སྤྱད་དེ་བདེ་འཇགས་རྨོག་ཞྭ་མི་གོན་པ་དང་། འཁོར་རྟགས་དང་ལག་ཁྱེར་མེད་པ། ཁྲིམས་འགལ་ངང་མི་བླུཌ་པ། གློག་དམར་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས“འཚང་ཁ་ཚ་བའི་དུས+འཚང་ཁ་མེད་པའི་དུས”སུ་ལས་འགན་བསྒྲུབས་ཏེ་གཙོ་གནད་ལམ་དུམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྦག་སྦག་དང་གློག་སྒུལ་འཁོར་རིགས་གཏོང་སྐབས་གཏན་འབེབས་ལྟར་བདེ་འཇགས་རྨོག་ཞྭ་མི་གྱོན་པ་དང་། ལྡོག་ནས་སྐྱོད་པ། འཁོར་རྟཌ་དང་ལག་ཁྱེར་མེད་པ། ཁྲིམས་འགལ་ངང་མི་བླུགས་པ། གློག་དམར་བརྒལ་བ། གང་བྱུང་དུ་འཇོག་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བྱས་པ་དང་འགྲིམ་འགྲུལ་ཁྲིམས་འགལ་བར་སྐར་མ་45ལས་མི་ཉུང་བའི་ས་གནས་ས་ཐོག་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དྲིལ་བསྒྲགས་དང་ཆད་གཅོད་ཟུང་འབྲེལ་བྱ་ཐབས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་སྲོལ་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད“སྤྱི་རྟགས་གཉིས་དང་ཁྱུག་དབྱིངས་གཅིག”ནས་དམར་འདོན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ཁ་ལོ་བ་ཚོར་བདེ་འཇཌ་ཀྱི་འདུ་ཤེས་ཨང་དང་པོར་འཇོག་པ་དང་། སྟེས་དབང་གི་བསམ་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་། བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བཅས་བྱས་ཏེ་བདེ་འཇགས་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། བྱེད་སྒོར་ཁྱོན་ཉེན་རྟོག་པ་43དང་ཉེན་རྟོག་རླངས་འཁོར་18བཏང་བ་དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་35ཞིབ་བཤེར་ཐག་གཅོད་བྱས་པ་རེད།