དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་མི་གཞིའི་དབང་ཆའི་རྩོད་གླེང་གི་གྱོད་གཞི་ཞིག་བདེ་བླག་ངང་ལག་བསྟར་བྱེད་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་མི་གཞིའི་དབང་ཆའི་རྩོད་གླེང་གི་གྱོད་གཞི་ཞིག་བདེ་བླག་ངང་ལག་བསྟར་བྱེད་མཇུག་འགྲིལ་བ་དང་། ལག་བསྟར་བྱེད་རིང་ལག་བསྟར་ཁྲིམས་དཔོན་གྱིས་བཙན་ཤེད་བྱེད་ཐབས་རྒྱབ་རྟེན་དུ་བྱས་ནས་སྟབས་བསྟུན་གྱི་ཐག་གཅོད་བྱེད་ཐབས་སྤྱད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁ་མཆུ་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

    2021ལོའི་ཟླ་9ཚེས་22ཉིན་གྱི་ཞོགས་པར། ཞུ་སྦྱོར་ཕྱི་མ་སྐྱིད་གྲོང་རྫོང་གི་ལས་གྲྭའི་རྣམ་གྲངས་ག་གེ་མོ་ཞིག་ཏུ་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་ལས་ཀ་བྱེད་སྐབས་ཀྲོའུ་ཆེ་གེ་མོ་བྱེ་སྤུངས་འགྲམ་དུ་འགྱེལ་ཡོད་པ་མཐོང་ཞིང་། ཞུ་སྦྱོར་ཕྱི་མས་འཕྲལ་མར་ལས་རོགས་འབོད་ནས་ཀྲོའུ་ཆེ་གེ་མོ་སྨན་ཁང་དུ་བསྐྱལ་བ་རེད། འོན་ཀྱང་སྟབས་མ་ལེགས་པར་ཀྲོའུ་ཆེ་གེ་མོ་ལམ་བར་དུ་རྐྱེན་ལམ་ལ་ཤོར་བ་རེད། ཕྱིས་སུ་འདས་པོའི་ནང་མིས་ཞུ་སྦྱོར་ཕྱི་མར་གྱོང་གུན་སྤྲོད་དགོས་པའི་རེ་བ་བཏོན་ཡང་ཞུ་སྦྱོར་ཕྱི་མས་དང་ལེན་གཏན་ནས་བྱས་མེད། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། འདས་པོའི་ནང་མིས་ཁོ་པ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད། གྱོད་གཞི་དེ་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཐེངས་དང་པོ་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཐེངས་གཉིས་པ་བྱས་པ་བརྒྱུད། མཐར་ཞུ་སྦྱོར་ཕྱི་མས་འདས་པོའི་ནང་མིར་མི་རིན་དང་གཤིན་པོའི་རྗེས་འཇུག་གྲོན་དངུལ་བཅས་ཁྱོན་སྒོར་295872.90སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད།

    གྱོད་གཞི་དེའི་དཔྱད་མཚམས་ཀྱི་ནུས་པ་ཐོན་རྗེས། ཞུ་སྦྱོར་ཕྱི་མས་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་ཡུན་རིང་བསྒྲུབས་མེད་པས། ལག་བསྟར་རེ་འདུན་ཞུ་མཁན་གྱིས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ་རེད།

    ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས་ལག་བསྟར་ཚོགས་པས་ཁྲིམས་ལྟར་ལག་བསྟར་བྱ་ཡུལ་ལ་ལག་བསྟར་བརྡ་ཐོ་དང་རྒྱུ་ནོར་སྙན་ཞུའི་བཀའ་རྒྱ་སོགས་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་བཏང་མོད། འོན་ཀྱང་ལག་བསྟར་བྱ་ཡུལ་གྱིས་གནད་དོན་དེ་གོ་མེད་ཚོར་མེད་དུ་བཏང་། དེ་རྗེས་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་དུས་ཐོག་ཏུ་ལག་བསྟར་བྱ་ཡུལ་དང་འབྲེལ་བ་བྱས་པ་དང་འབྲེལ་ཁྲིམས་ཁང་དུ་སྐད་བཏང་ནས། འབྲེལ་ཡོད་ཁེ་དབང་དང་འོས་འགན་དང་ལག་བསྟར་ཉེན་ཁ་བཅས་གསལ་བཤད་བྱས་པ་དང་། ལྷག་པར་དུ་ལག་བསྟར་མི་བྱེད་པའམ་ལག་བསྟར་བྱེད་པར་འགོག་རྒོལ་བྱས་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་ཞིག་ཡོད་པ་གསལ་བཤད་བྱས་པས། མཐར་ལག་བསྟར་བྱ་ཡུལ་གྱིས་ཁྲིམས་ཁང་ལ་མིག་སྔ་དང་ལག་བསྟར་བརྡ་ཐོ་འབྱོར་ཉིན་ནས་བརྩིས་པའི་ལོ་གཅིག་གོང་གི་རྒྱུ་ནོར་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུས་པ་མ་ཟད། དངུལ་ཁང་ནས་དངུལ་བུན་གཡར་ཏེ་ཁྲིམས་བཀོད་འོས་འགན་ལག་བསྟར་བྱེད་རྒྱུའི་ཁས་ལེན་བྱས་པ་དང་སྦྲགས། ཁོ་པས་ཁྲིམས་ཁང་ལ་འཛད་སྤྱོད་མཐོན་པོར་ཚོད་འཛིན་དང་ཡིད་རྟོན་ཤོར་བའི་མིང་ཐོར་བཅུག་པ་སོགས་བཙན་ཤེད་ཀྱི་བྱེད་ཐབས་མ་སྤྱད་རོགས་ཞེས་རེ་བ་ཞུས།

    ལག་བསྟར་ཁྲིམས་དཔོན་གྱིས་སེམས་བཟང་དང་ཤེས་དཔལ་གྱི་ལག་བསྟར་འདུ་ཤེས་ལ་བརྟེན་ནས་གནས་སྐབས་ལག་བསྟར་བྱ་ཡུལ་ལ་བཙན་ཤེད་ཀྱི་བྱེད་ཐབས་གང་ཡང་སྤྱད་མེད། ཟླ་བ་གཅིག་ཀྱང་མ་འགོར་བར་ལག་བསྟར་བྱ་ཡུལ་གྱིས་རང་འགུལ་ངང་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་བཙལ་ནས་གྱོད་གཞི་དེའི་ལག་བསྟར་འགྲོ་གྲོན་ཚང་མ་ཁྲིམས་ཁང་གི་རྩིས་ཐོར་བསྒྱུར་ཟིན་པ་ཡིན་ཞེས་བཤད། དེ་རྗེས་ལག་བསྟར་བྱ་ཡུལ་གྱིས་ཁྲིམས་ཁང་ལ་རང་ཉིད་ཞུ་སྦྱོར་སྔ་མ་ཡིན་པའི་གྱོད་དོན་ཞིག་ད་དུང་ཐག་གཅོད་བྱས་མ་བྱུང་ཞེས་བརྗོད་པ་ལག་བསྟར་ཁྲིམས་དཔོན་གྱིས་ཐོས་རྗེས། ལག་བསྟར་བྱ་ཡུལ་ལ་གཏུག་བཤེར་གྱི་བརྒྱུད་རིམ་དང་གཏུག་བཤེར་གྱི་ཉེན་ཁ་འགྲེལ་བཤད་གསལ་པོ་བརྒྱབ་པ་དང་ཆབས་ཅིག ལག་བསྟར་བྱ་ཡུལ་ལ་རྒྱུ་ནོར་སྲུང་སྐྱོང་རེ་ཞུ་འབུལ་དགོས་པའི་མངགས་བྱ་བྱས་པ་རེད། ཉིན་གསུམ་ནང་། གྱོད་གཞི་འདིའི་ལག་བསྟར་བྱ་ཡུལ་དེ་ཞུ་སྦྱོར་སྔ་མ་ཡིན་པའི་ཆ་ནས་གེགས་སྲུང་གཞིའི་སྒོར་ཁྲི་40ལྷག་ཙམ་གེགས་སྲུང་དམིགས་སར་འབྱོར་བས། ལག་བསྟར་བྱ་ཡུལ་གྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།