དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས།

    2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་གསེར་སྐྱེམས་ལའི་ཕུག་ལམ་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་ད་ཐེངས་ཀྱི་ཆེད་དོན་འཕྲལ་སྡོམ་ནང་སྦྱོང་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་འབྲེལ་ཡོད་ཚན་པས་སྐྲུན་འགན་འཁུར་བའི་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་འགོ་ཚུཊ་མཛད་སྒོ་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི“ཕྱོགས་བསྡུས་འཕྲལ་སྡོམ+ཕུག་ལམ་རྡིབ་པའི”ཆེད་དོན་འཕྲལ་སྡོམ་གྱི་ནང་སྦྱོང་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་གསེར་སྐྱེམས་ལའི་ཕུག་ལམ་གྱི་འཛུལ་སྒོའི་ཨར་སྐྲུན་བྱ་ཡུལ་དུ་སྤེལ་བ་རེད།

    རང་སྐྱོང་ལྗོངས་དང་ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་། ཨར་སྐྲུན་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པའི་མི་སྣ། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་དང་། འཕྲལ་སྡོམ། མེ་ཟོན། སྨན་བཅོས་སོགས་སྡེ་ཚན་དང་གཞུང་ལམ་བདག་སྐྱོང་དང་བོད་ལྗོངས་ཐན་ཧྲུན་སོགས་ཚན་པ་22ཀྱི་མི་220ལྷག་ཙམ་ནང་སྦྱོང་ལ་ཞུགས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང་བྱེད་སྒོར་ཕུག་ལམ་བརྡིབས་སྐབས་མི་སྣ་སྐྱོབ་ཚུལ་ལ་ལད་མོ་བྱས་ཏེ་རྣམ་གྲངས་ཕྱོགས་ཀྱིས་ཛ་དྲག་འབྲེལ་གཏུག་དང་ས་ཁོངས་འཕྲལ་སྡོམ་ཐོན་ཁུངས་མཐུན་སྦྱོར་བྱས་ནས་རོགས་སྐྱོབ་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།