དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། ཐད་གཏོགས་གཞུང་ཁོངས་ཁེ་ལས། བདེ་སྐྱིད་ཁང་གསར་སྡེ་ཁུལ་བཅས་ཀྱི་འགན་འཁུར་བ་གཙོ་བོ་དང་གླིང་ཁུལ་གྱི་ཁེ་ལས་ཁག་དང་ཁུལ་ཆུང་གི་སྡེ་ལས་བདེ་འཇགས་དོ་དམ་པ་སོགས་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་བློ་འདྲིའི་འགྲེམས་སྟེགས་10ལྷག་ཙམ་དང་དྲིལ་བསྒྲགས་འགྲེམས་པང་20ལྷག་ཙམ་བཀོད་སྒྲིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་500ལྷག་ཙམ་སྤྲད་པར་མི་300ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།