དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འདམ་གཞུང་རྫོང་གིས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། འདམ་གཞུང་རྫོང་འགྲིམ་འགྲུལ་རུ་ཆེན་གྱིས་དབུ་མ་ཐང་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་སར་བསྐྱོད་དེ། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་གྲོང་མི་དང་དབྱར་རྩྭ་དགུན་འབུ་འཐུ་མཁན་ལ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང་ཡོང་བའི་འགན་ལེན་བྱས་པ་རེད། དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་བྱེད་མཁན་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲད་དེ་འགྲེལ་བཤད་དང་སྤེལ་རེས་བྱས་ནས་བྱེད་སྒོར་ཞུགས་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། འདི་ནི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།