དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མང་ཚོགས་ཀྱི“ཁྱིམ་གྱི་སྒོ་རྩར་ཞིབ་དཔྱོད་ཁང”བཙུགས་པ།

    —— ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱི“12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས”ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱི“12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས”བཙུགས་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་རིགས་ཀྱི་གྱོད་གཞི་13དང་། ཉེས་དོན་བསྐྱར་ཞུའི་རིགས་ཀྱི་གྱོད་གཞི་17 དམངས་དོན་ལྟ་སྐུལ་རིགས་ཀྱི་གྱོད་གཞི་49 མི་གྲངས་105ཡི་ཁྲིམས་འཛིན་རོགས་སྐྱོབ་རིགས་ཀྱི་གྱོད་གཞི་105བཅས་ཐག་གཅོད་བྱས་ཡོད། རིམ་རྩིས་བྱས་ན། ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་137.476སྤྲད་ནས་འགལ་བ་དང་རྩོད་གཞི་ནུས་ལྡན་ངང་སེལ་བར་སྐུལ་འདེད་བཏང་བས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་ཡོད།

    འབྱུང་རྩ་ནས་སྔོན་འགོག་དང་སྣེ་ལེན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བས་སྔར་བས་སྟབས་བདེ་བྱུང་བ།

    རིག་ལྡན་ཡིག་འབུལ་ཞུ་བཅར་གྱི་ཕན་འབྲས་ཆེར་གཏོང་དང་དམངས་ལ་སྟབས་བདེ་ཡོང་བར་བྱས་ཤིང་། གཞི་གཅིག་ཅན་གྱི་གཏུག་བཤེར་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་ཡིག་འབུལ་དང་། ཞུ་བཅར། 12309ཡི་ཐད་གཏོང་ཁ་པར། དྲ་རྒྱ། བརྙན་བརྒྱུད་ཞུ་ཉན་བཅས“ཕྱོགས་ལྔ་གཞི་གཅིག”གི་ཞུ་ཉན་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་རོགས་སྐྱོབ་ཀྱི་གོ་ཆོད་པའི་བཅའ་ཁྲིམས་ལྟ་སྐུལ་བྱེད་སྟངས་ཞིབ་འཇུག་དང་སྦྲགས་བཟོས་པའི་ཐོག་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅའ་ཁྲིམས་བློ་འདྲི་དང་། རྒྱང་རིང་བརྙན་བརྒྱུད་ཞུ་ཉན། ཡོངས་བསྒྲགས་དཔང་ཉན། ཁྲིམས་འཛིན་རོགས་སྐྱོབ་བཅས་ཀྱི་ལས་དོན་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་གཞི་རིམ་ཁང་དང་མཉམ་དུ“ཟླ་རེར་ཐེངས་རེའི”དུས་མཉམ་ངང་ཞིབ་དཔྱོད་དཔོན་གྱི་དྲ་ཕྱིའི་སྣེ་ལེན་གྱི“གཏན་འཁེལ་བྱེད་སྟངས”ལག་ལེན་བསྟར་བ་དང་། “གཅིག་འཐུས་རྣམ་པའི”བྱེད་སྟངས་ཀྱིས་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་ཞིབ་དཔྱོད་ཞབས་འདེགས་ཞུ་བར་སྔར་བས་དུས་ཐོག་དང་། སྟབས་བདེ། སྤུས་ཚད་ལེགས་པ་བཅས་བྱུང་ཡོད།

    བཟོ་བོའི་སྙིང་སྟོབས་ཀྱིས་སྣེ་ཁྲིད་དེ་མི་རྩ་བར་བཟུང་ཞིང་། “མི་དམངས་ལ་བྱ་བ་དངོས་སྒྲུབ་པའི”ཞུ་གཏུག་དང་བསྐྱར་ཞུའི་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་སྔར་བས་ཤེས་དཔལ་དང་ཚད་དང་ལྡན་པའི་སྣེ་ལེན་གྱི་སྐར་ཁུང་ཧུར་ཐག་བཏོད་དེ་12309ཞིབ་དཔྱོད་དངོས་ཚན་ཚོམས་ཆེན་13བསྐྲུན་པའམ་ཡང་ན་སྒྱུར་བཀོད་བྱས་ནས་བཅའ་ཁྲིམས་ཞབས་ཞུ་སླར་ཡང་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་གཉེར་ཁེ་ལས་ལ་ཆེད་སྤྱོད་ཀྱི་སྣེ་ལེན་སྐར་ཁུང་བཙུགས་ནས་དམངས་གཉེར་ཁེ་ལས་ལ་ཐོགས་མེད་འགྲོ་ལམ་བཏོད་དེ། ཡིག་འབུལ་ཞུ་བཅར་སྣེ་ལེན་དང་། སྐར་ཁུང་ཞབས་ཞུ། ཁྲིམས་རྩོད་པར་སྣེ་ལེན། གྲངས་འཛིན་ཞིབ་དཔྱོད་བཅས་གཞི་གཅིག་ཅན་དང“ཞུ་གཏུག་དང་བསྐྱར་ཞུ་བདེ་བླག་ཡོང་བའི”སྤུས་རྟགས་ཀྱི་ནང་དོན་མངོན་པའི“12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས”བཏོད་པ་དེས་འདུན་པ་ཞུ་བ་དང་དོན་གནད་སྒྲུབ་པ་གཅིག་ཏུ་མངོན་པར་སྟབས་བདེ་པོ་བྱུང་ཡོད།

    ཞབས་འདེགས་གནད་འཁེལ་ཞུས་པས་ཞིབ་དཔྱོད་ལས་དོན་གྱི་བརྩེ་བ་མངོན་ནས་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ་བྱུང་བ།

    བདེ་འཇགས་ཀྱི་ཞབས་ཞུ་ཚད་ལྡན་ཡོང་བར་བྱས་ཤིང་། ཐོ་མི་ནོར་བར་བཀོད་པ་དང་རྩིས་ཁྲའི་ཆ་འཕྲིན་བཟོས་ནས་ཡིག་འབུལ་ཞུ་མཁན་ལ་བདེ་འཇགས་ངང་ཞིབ་བཤེར་དང་ལེན་ཡོང་བར་སྣེ་ཁྲིད་དང་བརྒྱུད་རིམ་ཧྲིལ་པོར་སྒྲ་ཕབ་དང་བརྙན་ལེན་གྱིས་མི་ལུས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཡོད།

    སྣེ་ལེན་ཞབས་ཞུ་ཚད་ལྡན་ཡོང་བར་བྱས་ཤིང་། ཡ་རབས་ཀྱི་སྐད་ཆ་ཤོད་པ་དང་། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ། ངང་རྒྱུད་རིང་པོས་ལན་འདེབས་པ་བཅས་བྱས་ནས་ཁོངས་གཏོགས་ཁུལ་དུ་ཐེ་རིགས་ལ་ཐེངས་གཅིག་ཏུ་ཤེས་སུ་འཇུག་པ་དང་། བདག་སྤྲོད་ཁྱབ་ཁོངས་སུ་མི་ཐེ་བའི་རིགས་ལ་ཁྲིམས་ནས་གནས་ལུགས་མང་ཙམ་བཤད་ཡོད།

    ངོ་ཐུག་གདོང་འཕྲད་བྱས་ནས་ལན་འདེབས་པ་ཚད་ལྡན་དུ་བཏང་ཞིང་། ཐོག་མའི་ཡིག་འབུལ་ཞུ་བཅར་དང་འཚམས་འདྲི་བྱེད་རིང་གི་ཞིབ་དཔྱོད་དཔོན་ངོ་ཐུག་གདོང་འཕྲད་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ཡིག་འབུལ་ཞུ་བཅར་གྱི་ཡིག་ཆ་བདག་སྤྲོད་ཐོ་འགོད་དང་། ཁག་བགོས་སྒྲུབ་གཉེར། ལན་ཚད་ལྡན་འདེབས་པ་བཅས་བྱེད་དགོས་ངེས་ཀྱི་བླང་བྱ་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།