དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།

    ཕྱོགས་མང་པོ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི“མི་དམངས་ཀྱི་འགོག་སྲུང་འཛིང་རགས”བརྟན་དུ་གཏོང་བར་ཤུགས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་མེ་ཟོན་རུ་མིས་འཕྲལ་སྡོམ་རྩལ་ནུས་སློབ་བཞིན་པ།

    འདི་ནི་མེ་ཟོན་རུ་མིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱའི་ལག་དེབ་སྤྲོད་བཞིན་པ།

    སྤྱི་ཚོགས་ལས་རིགས་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་སྔར་བས་མཐོང་ཆེན་དང་དམངས་ཡོངས་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དང་ཉེན་གཡོལ་རང་སྐྱོབ་ཀྱི་རྩལ་ནུས་ཁྱབ་གདལ་གཏོང་ཆེད། ཉིན་ཤས་རིང་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཀུན་གྱིས་འཕྲལ་སྡོམ་བྱས་ཏེ། གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་ལྗོངས་ཡོངས་ཀྱི་ས་ཆ་མང་པོར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་བདེ་འཇགས་ཀྱི་ས་བོན་མང་ཚོགས་ཀྱི་སེམས་ཀྱི་ཞིང་སར་བཏབ་ནས་གངས་ལྗོངས་ས་མཐོའི་མི་དམངས་དང་མཉམ་དུ་སྤྱི་ཚོགས་བདེ་འཇགས་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་རྒྱུ་དེ་རེད།

    “སློབ་གྲོགས་ཚོ། མགོ་སོགས་གནད་ཆེ་ས་ཡག་པོ་བསྲུངས་ཏེ་བང་བསྒྲིགས་ནས་ཁ་འགྲེམས་དགོས་པ་ལས། འཚབ་འཚུབ་མི་བྱེད་པ་དང་འཚང་ཁ་མ་རྒྱག་རོགས” ཆབ་མདོར་ནགས་ཚལ་མེ་ཟོན་རུ་མིས་སློབ་གྲྭར་བསྐྱོད་ནས་དགེ་སློབ་ལ་སྲོག་ཉེན་ལས་ཐར་ཐབས་ཀྱི་རང་སྐྱོབ་བྱེད་སྟངས་ལ་འགྲེལ་བཤད་བརྒྱབ་པ་དང་རོགས་སྐྱོབ་རྩལ་ནུས་སྟོན་པ་མ་ཟད། འཕྲལ་སྡོམ་ཁ་འགྲེམས་ཀྱི་ལད་མོའི་ནང་སྦྱོང་ཀྱང་བྱས་པ་རེད། མཉམ་འགུལ་སྤེལ་རེས་དང་གཟིགས་ཞིབ་ཉམས་ལེན་བྱས་པ་བརྒྱུད། རྒྱ་ཆེའི་དགེ་སློབ་ཀྱི་འཕྲལ་སྡོམ་དང་མཉམ་དུ་བདེ་འཇགས་སྲུང་བའི་སྤྲོ་སེམས་སྐུལ་སློང་གང་ལེགས་ཐུབ་ནས“དབྱིངས་ཞུགས་རྣམ་པའི”ཉམས་ལེན་ཁྲོད་ནས་ཐོལ་བྱུང་དོན་རྐྱེན་ཐོན་སྐབས་ཁོང་ཚོའི་འཕྲལ་སྡོམ་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་དང་ཁ་གཏད་མྱུར་དུ་གཅོག་ནུས་ཆེ་རུ་ཕྱིན་ཏེ། བསམ་བློ་དང་བྱ་སྤྱོད་ཐད་ཀྱི“མེ་འགོག་གྱང”བརྟན་དུ་བཏང་ཡོད།

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་མེ་ཟོན་གྱི་“གཤམ་སྐྱོད་བརྒྱད”ཀྱི་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་ནས་ས་གནས་དེ་གའི་སྲིད་གཞུང་དང་། ཁེ་ལས། སྡེ་ཁུལ་སོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་ཁྱབ་ཁོངས་ཁག་ཏུ་རྒྱ་སྐྱེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།