དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དིང་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་ཁེ་ལས་སྲུང་སྐྱོང”བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    ཉེ་ཆར། དིང་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པར་དམིགས་ནས། རྫོང་དབང་པོ་སྐྱོན་ཅན་མཉམ་ལས་ཁང་དུ“ཞིབ་དཔྱོད་ཀྱིས་ཁེ་ལས་སྲུང་སྐྱོང་དང་དམངས་འཚོར་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ནང་ཞིབ་དཔྱོད་དཔོན་གྱིས་ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ལ་ལྟ་ཞིབ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཁེ་ལས་ལ“ཞིབ་དཔྱོད་ཀྱིས་ཁེ་ལས་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱེད་སྒོའི་འབྲེལ་ཡོད་ནང་དོན་གཙོ་གནད་ཐོག་ངོ་སྤྲོད་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་དང་། འཁོར་རྒྱུག་གནས་ཚུལ། འཕེལ་རྒྱས་འཆར་འགོད་དང་དེ་བཞིན་ཁེ་ལས་ལ་མིག་སྔར་འཕྲད་པའི་དཀའ་ངལ་དང་གནད་དོན་སོགས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། དེ་དང་ཆབས་ཅིག་ཞིབ་དཔྱོད་དཔོན་གྱིས་ད་དུང་ཁེ་ལས་ཀྱི་ལས་མིར་རྒྱུན་མཐོང་གི་ཉེས་དོན་ཉེས་གསོག་གྱོད་དཔེ་དྲངས་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། བཅའ་ཁྲིམས་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ་ཚང་མས་ཁྲིམས་ཤེས་དང་། ཁྲིམས་རྟོགས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན། དབང་པོ་སྐྱོན་ཅན་བུད་མེད་ལས་བཟོ་ཞིག་གི་ངལ་ལས་རྩོད་གཞིའི་ཞུ་གཏུག་ལ་རྒྱབ་སྐྱོར་གྱི་རེ་ཞུ་ས་གནས་ས་ཐོག་ཏུ་བདག་སྤྲོད་བྱས་པ་རེད། བྱེད་སྒོའི་མཇུག་ཏུ་ཁེ་ལས་དེས་ཞིབ་དཔྱོད་དཔོན་གཉིས་ཁེ་ལས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་པའི་འགན་འཁུར་བར་དམིགས་བསལ་གདན་ཞུ་བྱས་པ་དང་འབྲེལ། གདན་ཞུའི་ཡི་གེ་ཡང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།