དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • མཚན་མོར་འདམ་རྙོག་གཤོང་བར་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    འདི་ནི་ཟླ་6ཚེས་21ཉིན་གྱི་ཐོ་རེངས་སུ་དྲག་ཆས་ཉེན་རྟོག་ཀོང་ཤིས་སྤྱི་ཁྱབ་རུ་ཁག་ལིའུ་ཀྲོའུ་ཉིང་ལག་རུ་ཁག་གི་ལས་སྒྲུབ་དཔོན་དམག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་སྣེ་ཁྲིད་དེ་ཁྲོམ་གཞུང་གི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

    ཉིན་ཤས་རིང་། དྲག་ཆར་རྒྱུན་མཐུད་འབབ་པའི་རྐྱེན་གྱིས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་ཅང་གཙང་པོའི་ཆུ་ཁ་ཤུགས་ཆེན་རྒྱས་ཤིང་། ཆུ་ཆེ་ཤོས་སྐབས་སུ་ཆུ་ཉེན་ཚད་ཐིག་ལས་སྨི་3.8ཙམ་བརྒལ་ནས་གཙང་པོའི་རྒྱུད་ཀྱི་ལམ་བུ་དང་གྲོང་མིའི་སྡོད་ཁུལ་ཁག་གཅིག་གི་ཐོག་སོ་དང་པོ་ཆུས་བསྣུབས་པ་རེད། ཁྲོམ་གཞུང་དང་གྲོང་མིའི་སྡོད་ཁུལ་ཁག་གཅིག་ཏུ་འདམ་རྙོག་དང་གད་སྙིགས་ཀྱིས་ཁེངས་ནས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད། ཟླ་6ཚེས་20ཉིན། དྲག་ཆས་ཉེན་རྟོག་ཀོང་ཤིས་སྤྱི་ཁྱབ་རུ་ཁག་ལིའུ་ཀྲོའུ་ཉིང་ལག་རུ་ཁག་གིས་དཔོན་དམག་300ལྷག་ཙམ་སྒྲིག་འཛུགས་མགྱོགས་མྱུར་བྱས་ཏེ། འདམ་རྙོག་གཤོང་བྱེད་ཀྱི་ལག་ཆ་ཁྱེར་ནས་གནོད་འཚེ་ཕོག་པའི་འཐབ་ས་དང་པོར་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་འདམ་རྙོག་གཤོང་བའི་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།