དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཞིང་ཆེན་རིམ་པའི་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་སྒོ་བྱང་གཅིག་གྱུར་ཐོག་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    མི་དམངས་ཉིན་རེའི་ཚཌ་པར་དུ་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པས་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱས་པར། དེ་ཉིན་སྔ་དྲོར། ཞིང་ཆེན་ཁག་གི་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད། ཞིང་ཆེན་རིམ་པའི་མེ་ཟོན་རོགས་སྐྱོབ་ཅུས་31ཀྱི་སྒོ་བྱང་གཅིག་གྱུར་ཐོག་བཀལ་བ་ནས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་། ཡན་ལག་རུ་ཁག རུ་ཆེན་བཅས་སུ་བཅའ་སྡོད་བྱ་ཡུལ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་སྒོ་བྱང་ཁ་སྣོན་གྱིས་འགེལ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

    རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པར། སྒོ་བྱང་ཁ་སྣོན་གྱིས་བཀལ་རྗེས་རིམ་ཁག་མེ་ཟོན་རོཌ་སྐྱོབ་དཔུང་ཁག་གིས་ས་གནས་དེ་གའི་ཏང་ཨུད་སྲིད་གཞུང་གི་ལས་དོན་སྤྱི་ཡོངས་དང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱས་ཏེ་ཁོངས་གཏོཌ་ཁུལ་གྱི་མེ་ཟོན་ལྟ་འདོམས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་མེ་ཟོན་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ཚད་ལྡན་དུ་གཏོང་རྒྱུ། མེ་ཟོན་ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེཌ་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།