དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ན་ནིང་རང་རྒྱལ་གྱི་ཚོང་དོན་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-25

    མི་དམངས་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚོང་དོན་པུའུ་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་སི་སོགས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་སྐོར་གྱི་སྙན་ཞུ(2023ལོ)》ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་འཁོད་པར་གཞིགས་ན། 2023ལོའི་ཀྲུང་གོའི་ཚོང་དོན་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126.1ཟིན་ནས་དུས་མཚུངས་ལས་5%འཕར་ཡོད་པ་དང་། ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ཐད་ཁྱད་ཆོས་དྲུག་མངོན་ཡོད་པ་སྟེ། གཅིག་ནས་སྡེབ་ཚོང་ལས་རིགས་ཀྱི་ཟོག་འགྲེམས་རིམ་བཞིན་མཁོ་སྤྲོད་འཁོར་འབྲེལ་ཞབས་ཞུར་རྒྱ་སྐྱེད་བྱས་པ། གཉིས་ནས་སིལ་ཚོང་ལས་རིགས་ཀྱི་ཟོག་འགྲེམས་ཞིབ་ཚགས་ཅན་དུ་མགྱོགས་མྱུར་ཕྱོགས་སྒྱུར་བྱས་པ། གསུམ་ནས་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ་དང་། གྲང་མཛོད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.28ཙམ་ཟིན་ནས་དུས་མཚུངས་ལས་8.3%འཕར་བ་དང་། འཁྱགས་ཉར་རླངས་འཁོར་གྱི་བདག་ཡོད་གྲངས་ཚད་ཁྲི་43.2ཙམ་ཟིན་ནས་དུས་མཚུངས་ལས་12.9%འཕར་བ། བཞི་ནས་བཟའ་བཏུང་ཞག་སྡོད་ཟོག་འགྲེམས་ཀྱི་མངགས་བཀོད་ཅན་གྱི་ཞབས་ཞུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། བཟའ་བཏུང་ལས་རིགས་ཀྱི་ལོ་ཧྲིལ་པོའི་ཟས་རྒྱུ་འཁོར་རྒྱུག་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་6.1ཟིན་པ་དང་། ཚལ་གཙང་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་3000ལས་བརྒལ་ལ། ཞག་སྡོད་ལས་རིགས་ཀྱི་ཟོག་འགྲེམས་དགོས་མཁོ་2019ལོའི་མཐོ་གནས་སླར་གསོ་བྱུང་བ། ལྔ་ནས་ཕྱིར་གཏོང་ནང་འདྲེན་གྱི་ཟོག་འགྲེམས་མཉེན་ལྡན་ངང་འཕར་ནས་ཕྱིར་གཏོང་ཟོག་འགྲེམས་དུས་མཚུངས་ལས་6.7%འཕར་བ་དང་། ནང་འདྲེན་ཟོག་འགྲེམས་དུས་མཚུངས་ལས་13.0%འཕར་ལ། ལོ་ཧྲིལ་པོར་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་170ཟིན་ནས་ལོ་གོང་མ་ལས་8.2%འཕར་བ། དྲུག་ནས་ལྗང་མདོག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།