ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས“འཐབ་ས་དང་པོའི་ལས་ཀ་བྱེད་སྟངས”གསུམ་ལ་བརྟེན་ནས་ཉེན་དོན་ལས་དོན་ལ་སྐུལ་འདེད་བཏང་སྟེ།
གཞི་རིམ་འཐབ་ས་དང་པོར་ཞབས་འདེགས་ཞུས། ཉེན་དམངས་དབར་གྱི་བརྩེ་སེམས་རོལ་མོ་དཀྲོལ།
འདི་ནི་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱིས་དོ་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཤེས་རྟོགས་བྱེད་བཞིན་པ།
འདི་ནི་སྡེ་ཁུལ་ཉེན་དོན་རུ་ཁག་གི་མི་དམངས་ཉེན་རྟོག་པས་གྲོང་མིར་ཁྲིམས་སྲོལ་དོན་ཚན་ལ་འགྲེལ་བཤད་རྒྱག་བཞིན་པ།
འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་བསམ་བློའི་འཁྱེར་སོ་དང་ལས་ཀའི་སྤྱོད་ཚུལ་ལ་རང་འགུལ་ངང་འགྱུར་ལྡོག་བཏང་སྟེ། མི་དམངས་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ལུས་ཚུགས་སེམས་གནས་དང་གོམ་པ་བརྟན་པོ་སྤོས་ནས“འཐབ་ས་དང་པོའི་ལས་ཀ་བྱེད་སྟངས”ལག་ལེན་གཏིང་ཟབ་བསྟར་བ་དང་། “འཐབ་ས་དང་པོར་ཞབས་འདེགས་ཞུ་བ། འཐབ་ས་དང་པོ་ནས་དོགས་ཟོན་། འཐབ་ས་དང་པོར་དྲིལ་བསྒྲགས”བཅས“འཐབ་ས་དང་པོའི་ལས་ཀ་བྱེད་སྟངས”གསུམ་ལག་ལེན་ཤུགས་ཆེན་བསྟར་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་བདེའི་གཞི་རིམ་ཉེན་དོན་ལས་དོན་སྤུས་ཚད་ལེགས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།
ཞབས་འདེགས་ཞུ་ཡུལ་འཐབ་ས་དང་པོར་སྣུར་སྲིང་བྱས་ནས་སྤུས་ལེགས་ཞབས་ཞུས“མི་སེམས་དྲོ་བར”བྱས་པ།
ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་སྐར་ཁུང་གི་ཞབས་འདེགས“མི་དམངས་ལ་ཞབས་འདེགས་ཞུ་བའི”“གདོང་ལེན་ལས་གནས”དང“ཟམ་ཁའི་བཙན་རྫོང”ལ་བརྩིས་ནས། “དམངས་བརྩེ་དང་། དམངས་ཕན། དམངས་བདེ”ཡི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། མཛའ་བརྩེའི་ཞབས་ཞུའི་ཁོར་ཡུག་དང་། གཟེངས་སུ་ཐོན་པའི་ཞབས་ཞུའི་རྩལ་ནུས། སྤུས་ལེགས་ཀྱི་ཞབས་ཞུའི་ཉམས་ལེན་བཅས་མང་ཚོགས་ཀྱི་ཉེ་འགྲམ་དུ་དོན་འཁྱོལ་གྱིས་སྤྱི་བདེའི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། སྤྱི་བདེ་ལས་ཁུངས་ཀྱི“མི་དམངས་ལ་ཞབས་འདེགས་ཞུ་བའི”ལས་ཀའི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་དངོས་སུ་ཐོན་པར་བྱེད་པ་དང་། “སྐར་ཁུང”ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ། “ཉེན་རྟོག་པས་དམངས་ལ་གཅེས་སྐྱོང་དང་། དམངས་ཀྱིས་ཉེན་རྟོག་པར་བརྩི་བཀུར། ཉེན་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རྣམ་པ་བཟང་པོ་སྔར་བས་བཏོད་པས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།
“ཉེན་དོན་ཁང་ཆུང་ཆུང”གི་ནུས་པ་ཕུན་སུམ་ཚོགས་སུ་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལེགས་སུ་བཏང་ཞིང་། ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་བཏོན་པའི“ཉེན་དོན་ཁང་ཆུང་ཆུང”གིས་ཐེམ་ཐོའི་དོ་དམ་དང་། ལམ་ཡིག་སྒྲུབ་གཉེར། སྣུམ་རྒྱུའི་ཞིབ་མཆན་འགོད་པའི་བློ་འདྲི་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས“དམངས་ཕན”ཞེས་པའི་ཡིག་འབྲུ་གཉིས་ལ་འགྲེལ་བཤད་ལེགས་པར་བརྒྱབ་ཡོད། ཡང་སྒོས་སུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཁོར་རྟགས་ཁྱེར་ནས་མང་ཚོགས་ཀྱི་སྒོ་རྩར་གློག་སྒུལ་སྦག་སྦག་ལ་འཁོར་རྟགས་བསྒར་བས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དུས་ཚོད་གྲོན་ཆུང་གང་ལེགས་ཐུབ་པ་མ་ཟད་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།
སྡེ་ཁུལ་ཉེན་རྟོག་རུ་ཁག“ཏན་ཏིག”བྱས་ནས་མཉམ་འབྲེལ་འགན་སྒྲུབ་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཞིང་། སྡེ་ཁུལ་གྱི་ཉེན་དོན་ལས་དོན་དེ་མངགས་གཏོང་ཁང་ཡོངས་དང་ཉེན་རྟོག་པ་ཡོངས་ཀྱི་ལས་ཀར་བརྩིས་ནས་དམ་འཛིན་བྱས་པ་མ་ཟད། ཉེན་རྟོག་སྟོབས་ཤུགས་ཐོན་ཁུངས་ཀྱི་བཀོད་སྒྲིག་བསྡུ་སྒྲིལ་དང་ཉེན་རྟོག་ཞབས་ཞུའི་ལས་དོན་བཀོད་སྒྲིག་ལུགས་མཐུན་བྱས་པ་བརྒྱུད། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་རུ་ཁག་སྟོབས་ཆེར་བཏང་བ་དང་། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་ཉིན་རེ་བཞིན་མང་ཚོགས་ཁྲོད་ཟབ་ཞུགས་ཐུབ་ནས“སྡེ་ཁུལ་དུ་སྐྱོད་པ”ནས“སྡེ་ཁུལ་དུ་གནས་པའི”བར་བསྒྱུར་བ་དང་། “འཁོར་གཏོང་སྐོར་སྐྱོད་དང་རྐང་ཐང་སྐོར་སྐྱོད”ཟུང་དུ་འབྲེལ་བའི་ཐབས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དུ་སྐོར་སྐྱོད་ཚོད་འཛིན་རྒྱུན་ཆད་མེད་པར་བྱས་ཤིང་། སྡེ་ཁུལ་གྱི་མི་འབོར་དོ་དམ་དང་། འགལ་བ་འདུམ་འགྲིག་ཐག་གཅོད། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ལ་ཕྱོགས་ཡོངས་ནས་འགན་ཁུར་ཏེ་བློ་སེམས་རྩེ་གཅིག་དང་གང་ས་ཅི་ཐད་ནས་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁོང་དུ་ཆུད་པར་བྱས་པ་རེད།
བདེ་འཇགས་དོགས་ཟོན་འཐབ་ས་དང་པོར་སྤེལ་ནས་རྨང་གཞི་བརྟན་དུ་བཏང་བ།
ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད། ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས་སྣ་མང་མཉམ་བཅོས་དེ་ཤུགས་རྒྱག་ས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཅིང་། ཁོངས་གཏོགས་ཁུལ་གྱི་འགལ་བ་དང་རྩོད་གཞི་སེལ་བ་དང་ཉེན་ཁ་གྲལ་བཤེར་ལ་་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། “རུ་ཁག་གཉིས་དང་ཁང་གཅིག”དང“སྡེ་ཁུལ་གྱི་ཉེན་དོན་ཁང”“གྲོང་ཚོ་རེར་ལས་རོགས་ཉེན་རྟོག་པ་རེ”སོགས་ཀྱི་ལམ་སྲོལ་དོན་འཁྱོལ་སྒོས་བྱེད་ཐབས་མང་པོ་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཚན་པ་དང་། ཁེ་ལས། སློབ་གྲྭ། གྲོང་གསེབ་བཅས་ཀྱི་བདེ་འཇགས་འགོག་རགས་བརྟན་དུ་བཏང་ཡོད།
ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གསར་པ་ལེགས་སུ་བཏང་ཞིང་། མངགས་གཏོང་ཁང་གིས“བཀོད་འདོམས་བཀོད་གཏོང་མ་ལག”སྤྱད་དེ་ལས་ཕྱོད་ཆེ་ལ་དུས་ཚོད་མྱུར་པོས་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱེད་པ་དང་དུས་མཚུངས་སུ་ནུས་ཤུཌ་ཡོད་རྒུས“གྱོད་གཞི་ཆུང་ངུར་མཐོང་ཆུང་མི་བྱེད་པ་དང་གྱོད་གཞི་ཆུང་ངུར་སྣང་ཆུང་མི་བྱེད་པའི”གྱོད་གཞི་ཐག་གཅོད་བྱེད་སྟངས་ལ་སྐུལ་འདེད་བཏང་བ་རེད།
ཆེད་དོན་རྡུང་རྡེག་གྱོད་སྒྲུབ་རུ་ཁག་བཙུགས་ནས་མཉམ་དུ་རྡུང་རྡེག་གཏོང་བའི་འཐབ་ནུས་སྦྱོང་བརྡར་བྱས་ཤིང་། མྱུལ་ཞིབ་གྱོད་སྒྲུབ་ཀྱི་འཇོན་ཐང་ལྡན་པའི་མི་དམངས་ཉེན་རྟོག་པ་ཆེད་དོན་རྡུང་རྡེག་གྱོད་སྒྲུབ་རུ་ཁག་ཏུ་བསྐོངས་པས་རྒྱུན་གཏན་གྱི་ཉེན་བརྡ་ལེན་པ་དང་ཉེན་དོན་ཐག་གཅོད་དང་། གྱོད་གཞི་མྱུལ་ཞིབ་དང་རྩད་གཅོད་སོགས་ཀྱི་ལས་དོན་གྱི་འགན་ཁུར་ཐུབ་ནས་ཆེད་ལས་ལས་འགན་གྱི་སྟོབས་ཤུགས་སྔར་བས་ཆེད་ལས་ཅན་དུ་གྱུར་བ་དང་། ཕྱོགས་བསྡུས་བཀོད་འདོམས་ཁང་དང་སྡེ་ཁུལ་ཉེན་རྟོག་ལས་སྒྲུབ་རུ་ཁག་དབར་གཞོགས་འདེགས་གང་ལེགས་ཐུབ་ནས“ཕྱོགས་གསུམ་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད། འབྲེལ་མཐུད་དམ་ཟབ། མཉམ་དུ་དམག་འཐབ་རྒྱག་པའི”གྱོད་སྒྲུབ་ལམ་སྲོལ་ཞིག་ཆགས་ཏེ། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་བ་དང་། ཕན་ནུས་ལྡན་པ། གནད་ལ་འཁེལ་བ་བཅས་བྱས་ཡོད།
བདེ་འཇགས་དྲིལ་བསྒྲགས་འཐབ་ས་དང་པོར་ཁྱབ་པར་བྱས་ཏེ་རྐུན་འགོག་དང་ཁ་བསླུས་འགོག་པའི“མེ་ཟོན་གྱང”བརྟན་པོ་ཞིག་བསྐྲུན་པ།
མང་ཚོགས་ཀྱི་རྐུན་འགོག་དང་ཁ་བསླུས་འགོག་པའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་བཏང་སྟེ། འབྱུང་རྩ་ནས་གློག་འཕྲིན་ཁ་བསླུས་དང་རྐུ་ཤོར་བའི་གྱོད་གཞི་མ་ཐོན་སྔོན་འགོག་བྱ་ཆེད། ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས“འགལ་བ་དང་རྩོད་གཞི་གྲལ་བཤེར་ཆེན་པོ་དང་འདུམ་འགྲིག་ཆེན་པོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཁུག་གསང་མི་ལུས་པར་སྐུལ་འདེད་བཏང་བའི་ཐོག་ཁོངས་གཏོགས་ཁུལ་གྱིས་ཕྱོགས་ཡོངས་དང་། རྣམ་པ་མི་འདྲ་བའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བསྲུངས་ཏེ། གློག་འཕྲིན་ཁ་བསླུས་ཐོན་མང་བའི་སྣང་ཚུལ་སྔར་བས་བཀག་པས། གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་སྔོན་འགོག་དང་ཉུང་དུ་གང་ཐུབ་བཏང་བས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ཡག་པོ་ཐུབ་ཡོད།
ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཟངས་རི་གྲོང་རྡལ་མངགས་གཏོང་ཁང་གིས“རུ་ཁག་གཉིས་དང་ཁང་གཅིག”གི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་དང་གཞི་རིམ་ཉེན་རྟོག་ལས་སྒྲུབ་ཀྱི་འཁོར་རྒྱུག་ལམ་སྲོལ་དང་ལས་སྒྲུབ་སྒྲིག་འཛུགས་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་ནས་སྒྱུར་བཅོས་ལས་བྱུང་བའི་གྲུབ་འབྲས་ཀྱིས་དམངས་ལ་ཕན་འདོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།