ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས།
མི་དམངས(ལས་རོགས)ཉེན་རྟོག་པའི་དོས་དྲག་སྐྱོབ་བཅོས་ཀྱི“ཐོགས་མེད་ བགྲོད་ལམ”རྒྱ་ཆེར་བཏང་བ།
ཉེ་ཆར། གསར་འགོད་པར་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྨན་ཁང་ཁག་119དང་མཉམ་དུ་ཉེན་རྟོག་པ་དང་སྨན་ཁང་དབར་གྱི་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ནས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པར་དོས་དྲག་སྐྱོབ་བཅོས་ཀྱི“ཐོགས་མེད་བགྲོད་ལམ”རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་གྱི་ནང་དོན་གཞིར་བཟུང་། སྨན་བཅོས་དོས་དྲག་སྐྱོབ་བཅོས་ཀྱི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་པའི་སྨན་ཁང་ཚང་མའི་ཨང་ཀི་འགོག་ས་དང་གྲོན་དངུལ་འཇལ་སའི་སྐར་ཁུང་སོགས་སུ“མི་དམངས་ཉེན་རྟོག་པ་སྔོན་ལ་འགྲོ་ཆོག”པའི་སྐར་ཁུང་བཙུགས་ཡོད། སླད་ཕྱིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པས་ལས་ཀའི་ལག་ཁྱེར་ཁྱེར་ན་ཨང་ཀི་འགོག་པ་དང་། སྨན་ལེན་པ། རྩིས་རྒྱག་པ། བརྟག་དཔྱད་བྱེད་པ། སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བ་སོགས་ཀྱི་སྨན་བཅོས་ཞབས་ཞུ་སྔོན་ལ་ལོངས་སྤྱོད་བྱེད་ཆོག