ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ལས་སྒོའི་ཤེས་བྱའི་འགྲན་བསྡུར་བྱས་པ།
ཉེ་ཆར། 2024ལོའི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ལས་སྒོའི་ཤེས་བྱའི་འགྲན་བསྡུར་ལྷ་སར་སྤེལ་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་ཞིབ་དཔྱོད་ཁང་ནས་རིམ་པ་རེ་རེ་བཞིན་འདེམས་སྒྲུག་བྱས་པའི་བདམས་ཐོན་པ་15ཡིས་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། “ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ལས་སྒོའི་དཔེ་དམག”3དང“ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ལས་སྒོའི་འཇོན་ཐང་ཅན”3ཐོན་པ་རེད།
“ད་ཐེངས་ཀྱི་འགྲན་བསྡུར་ནི་འདི་ལོའི་ཟླ་4པར་འགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་བླང་བྱ་དང་འཚམ་པར་བྱས་ཏེ། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་བརྒྱུད། ཤེས་ལྡན་པ་ཕུལ་བྱུང་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་མུ་མཐུད་གཏོང་རྒྱུ་དང་། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ལས་སྒོའི་ཤེས་བྱའི་འགྲན་བསྡུར་སྐབས་གཉིས་པར་གྲ་སྒྲིག་བྱས་པ་ཞིག་ཀྱང་རེད”ཅེས་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་ཨང་བཅུ་པའི་ཀྲུའུ་རེན་ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ད་ཐེངས་ཀྱི་འགྲན་བསྡུར་ནང་དངོས་འཐབ་ལ་སྣང་ཆེན་དང་དུས་རབས་གསར་པའི་ཞུ་གཏུག་དང་བསམ་འདུན་བསྐྱར་ཞུའི་ཞིབ་དཔྱོད་ཀྱི་འགན་འཁྲི་དང་གཙོ་གནད་ལ་དམ་པོར་དམིགས་ཏེ། ལས་སྒོའི་ཕྱོགས་བསྡུས་ཤེས་བྱའི་སྐོར་གྱི་ཡིག་རྒྱུགས་དང་གྱོད་གཞི་ཞིབ་བཤེར་སྙན་སེང་གི་ངོ་རྒྱུགས་བཀོད་སྒྲིག་བྱས་ནས་འགྲན་ཞུགས་བདམས་ཐོན་པའི་ཁྲིམས་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། གཏན་ཚིགས་རྟོག་དཔྱོད་ཀྱི་ནུས་པ། དངོས་འཐབ་ཀྱི་འཇོན་ཐང་། སྟབས་བསྟུན་གྱི་ནུས་པ་བཅས་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་རེད་ཅེས་བརྗོད།