ལྷ་སའི་གར་པ་གྲོང་ཚོར།
སོལ་རླངས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པ།
འདི་ནི་ལས་དོན་མི་སྣས་ཁྱིམ་དུ་སོལ་རླངས་ཀྱི“སྒྲིག་ཆས་ཆ་ཚང་གསུམ”སྒྲིག་སྦྱོར་བྱེད་བཞིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོའི་དྲ་མིག་ལས་དོན་མི་སྣ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཆེད་ལས་མི་སྣ་དང་མཉམ་དུ་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་དུད་ཚང་ཚང་མར་སོལ་རླངས་ཀྱི་ཉེན་བརྡའི་སྒྲིག་ཆས་དང་། གཅུས་སྒོ། སྦུ་གུ་བཅས་འགག་རྩ་གསུམ་གྱི་བདེ་འཇགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།
བདེ་འཇགས་ཆེ་བའི་སྒྲིག་ཆས་དེ་དག་སྒྲིག་སྦྱོར་བྱེད་པའི་དམིགས་ཡུལ་ནི་སོལ་རླངས་ཀྱི་བདེ་འཇགས་ལས་འཛོལ་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་ཆེད་རེད། ལས་དོན་མི་སྣ་ཁྱིམ་ཚང་དུ་ཡོང་ནས་གྲོང་མིར་སོལ་རླངས་བེད་སྤྱོད་གཏོང་སྟངས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་མ་ཟད། ཁྱིམ་སྤྱོད་སོལ་རླངས་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་ཡང་བྱས་ཡོད། སོལ་རླངས་ཐབ་གཏན་འབེབས་དང་མཐུན་རྗེས་ལས་དོན་མི་སྣས་ཞིབ་ཕྲའི་ངང་བཤིག་པ་དང་། སྒྲིག་སྦྱོར། ཚོད་ལྟ་སོགས་བྱས་ཡོད། དེ་དང་ཆབས་ཅིག་ལས་དོན་མི་སྣས་ངང་རྒྱུད་རིང་པོས་གྲོང་མིར“སྒྲིག་ཆས་ཆ་ཚང་གསུམ”བེད་སྤྱོད་གཏོང་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ངོ་སྤྲོད་དང་། སོལ་རླངས་མི་ཤོར་བའི་སྔོན་འགོག་བྱ་ཐབས་དང་ཁ་གཏད་གཅོག་ཐབས་གསལ་བཤད་ཞིབ་ཕྲ་བྱས་ནས། གྲོང་མིས་སྒྲིག་ཆས་དེ་དག་བེད་སྤྱོད་ཡང་དག་ཐུབ་པའི་འགན་ལེན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་དང་སོལ་རླངས་བེད་སྤྱོད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བསལ་ཡོད།