གཞིས་རྩེའི་སྤྱི་བདེས“ལོ་འཁོར་སྙན་ཞུའི་ཁ་བསླུས”ཤིག་དུས་ཐོག་ཏུ་བཀག་འགོག་བྱས་པ།
“ཁྱེད་ཀྱི་མིང་འོག་ཏུ་ཡོད་པའི་གཉེར་སྐྱོང་བྱེད་པོས་ལོ་འཁོར་སྙན་ཞུ་འབུལ་མེད་ཚེ་དངུལ་ཆད་གཏོང་གི་རེད། ལོ་འཁོར་སྙན་ཞུ་དུས་ཐོག་ཏུ་འབུལ་ཆེད། བྱ་རིམ་ཆུང་གྲས་སྤྱད་པའམ་ཡང་ན་དྲ་ངོས་ནས་ཚབ་གཉེར་བྱས་ན་ཆོག ཚབ་གཉེར་བྱེད་རིན་སྒོར་188དམ་ཡང་ན་288ལས་མི་དགོས”ཁྱེད་ལ་གོང་གསལ་ནང་དོན་གྱི་ཁ་པར་རམ་ཡང་ན་འཕྲིན་ཐུང་འབྱོར་ཚེ་འཕྲལ་མར་ཐོ་འགོད་བྱས་ནས་ཚབ་གཉེར་བྱེད་འཇུག་གམ། གལ་ཏེ་ཁྱེད་ཀྱིས་ཡིད་ཆེས་བྱས་ན་ཁྲིམས་འགལ་པའི་རྒྱ་རྙིར་ཐེབས་རྒྱུ་ཉག་ཅིག་རེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས“ལོ་འཁོར་སྙན་ཞུའི་ཁ་བསླུས”ཤིག་དུས་ཐོག་ཏུ་བཀག་འགོག་བྱས་ནས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་མ་ཕོག་པར་བྱས་པ་རེད།
“བཟོ་ཚོང་ཚོང་ཞབས་པས”དྲ་ཐོག་ཚོང་དུད་ལ་ཁ་པར་གཏོང་བ་ནི་ཁ་བསླུས་རྒྱག་སྟངས་ཤིག་རེད།
ཟླ་5ཚེས་27ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་གྲོང་ཤར་འགྲུལ་སྐྱེལ་བབས་ཚུགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཚོང་དུད་དུ་བསྐྱོད་དེ་འདྲི་རྟོགས་བྱེད་སྐབས། འགྱིག་འཁོར་ཚོང་ཁང་གི་སྦྱིན་་བདག་ལི་ཆེ་གེ་མོ(མིང་ཚབ)ཡིས་རོགས་སྐྱོར་གནང་རོགས་ཞེས་ཞུས། ལི་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་བརྗོད་དོན། ཉེ་ཆར། རང་ཉིད་ལ་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བྱུང་། ཕ་རོལ་པོས་བཟོ་ཚོང་ཚོང་ཞབས་པ་ཡིན་ཟེར་བ་དང་སྦྲགས། སྐུ་ཞབས་ལི་ལགས་ཁྱེད་ཀྱིས་གཏན་འབེབས་ལྟར་ལོ་འཁོར་སྙན་ཞུ་འབུལ་མི་འདུག ད་ལྟ་ངེས་པར་དུ་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད་ལོ་འཁོར་སྙན་ཞུ་གསབ་དགོས། དེ་ལྟར་མ་བྱས་ན་དངུལ་ཆད་ཕོག་གི་རེད་ཅེས་བརྗོད་བྱུང་།
ལི་ཆེ་གེ་མོས་བསམ་བློ་དེ་ཙམ་མ་བཏང་བར“ཚོང་ཞབས་པས”་བཤད་པ་ལྟར་བཀོལ་སྤྱོད་བྱེད་འགོ་ཚུགས། བཀོལ་སྤྱོད་ཕྱེད་ཀ་ཙམ་དུ་སླེབས་སྐབས་དངུལ་སྒོར་288སྤྲད་ན་གཞི་ནས་ལོ་འཁོར་སྙན་ཞུ་གསབ་ཐུབ་པ་ཤེས་རྟོགས་བྱུང་། དོགས་པ་ཕྲན་བུ་སྐྱེས་ནས་སྡོད་སྐབས་ཚོང་ཁང་དུ་འདྲི་རྟོགས་བྱེད་པར་ཡོང་མཁན་མི་དམངས་ཉེན་རྟོག་པ་ཏག་ཏག་འཕྲད་པས། མི་དམངས་ཉེན་རྟོག་པར་རོགས་སྐྱོར་གནང་རོགས་ཞུས། “ཁེ་ལས་ཀྱི་ལོ་འཁོར་སྙན་ཞུ་འབུལ་དགོས་ཚེ་དངོས་གཞིའི་མ་ལག་ནང་ཞུགས་པའི་འགྲོ་ལུགས་གཉེར་དགོས། གྲོན་དངུལ་ཐོལ་པ་སྤྲོད་དགོས་ཚེ་ཏན་ཏན་གནས་ཚུལ་ཡོད་པས་ཡིད་ཆེས་གཏན་ནས་བྱེད་མི་རུང”གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཉེན་རྟོག་པས་ལི་ཆེ་གེ་མོར་ཁ་བསླུས་རྒྱག་སྟངས་དང་གཡོ་ཇུས་དེ་རིགས་ཀྱི་སྐོར་གསལ་བཤད་བྱས་པ་དང་འབྲེལ། ཁོ་པར་ཕ་རོལ་པོའི་འབྲེལ་གཏུག་ཁ་པར་ཨང་གྲངས་དང་འབྲེལ་ཡོད་བྱ་རིམ་ཆུང་གྲས་བསུབ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཕ་རོལ་པོར་ཡིད་ཆེས་བྱས་ནས་དངུལ་བསྐུར་བའི་རིགས་མ་བྱུང་སྔོན་འགོག་བྱེད་དགོས་ལུགས་ཀྱང་བཤད།
མི་དམངས་ཉེན་རྟོག་པས་འགྲེལ་བཤད་བརྒྱབ་རྗེས་ལི་ཆེ་གེ་མོས་རང་ཉིད་ཁ་བསླུས་རྒྱག་ཡུལ་དུ་གྱུར་པ་གསལ་པོར་ཤེས་པས་དངུལ་ཁོངས་གཏན་ནས་སྒྱུར་གྱི་མིན་ཞེས་བཤད་པ་དང་འབྲེལ། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ནས་དོགས་གནད་སེལ་བར་ཐུགས་རྗེ་ཆེའང་ཞུས།
“ལོ་འཁོར་སྙན་ཞུའི་ཁ་བསླུས”ལ་སྤྱིར་ན་གཡོ་ཇུས་རིགས་ལྔ་ཡོད།
བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་འཁོར་སྙན་ཞུའི་ཁ་བསླུས”ལ་སྤྱིར་ན་གཡོ་ཇུས་རིགས་ལྔ་ཡོད་པ་སྟེ།
གཅིག སྐད་འཕྲིན་ནང་འཚོལ་བཤེར་བྱེད་པའི་འཛུལ་སྒོ་རྫུན་མའི་རིགས། ཁྲིམས་འགལ་བས་སྐད་འཕྲིན་ནང་འཛུལ་སྒོ་རྫུན་མ་བཟོས་ནས་གཉེར་སྐྱོང་བྱེད་པོའི་བློ་འགུག་ཐབས་བྱེད་ཀྱི་ཡོད། འདིར་དོ་སྣང་བྱེད་དགོས་པར་ལོ་འཁོར་སྙན་ཞུ་འབུལ་བར་གྲོན་དངུལ་གང་ཡང་སྤྲོད་མི་དགོས། ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཀྲུང་གོར་གཉེར་སྐྱོང་བྱེད་མཁན་ཕྱི་རྒྱལ་གྱི་ཁེ་ལས། རྒྱུན་སྡོད་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་ཚབ་ལས་ཁུངས་བཅས་ཀྱིས་ལོ་འཁོར་སྙན་ཞུ་འབུལ་སྐབས་གྲོན་དངུལ་གང་ཡང་སྤྲོད་མི་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་མིང་ཐོག་ནས་མི་སྒེར་གྱི་དངུལ་ཁང་གཱ་ཡི་ཨང་གྲངས་དང་དངུལ་ཁང་གཱ་ཡི་གསང་གྲངས་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་མཁན་ཚང་མ་ཁ་བསླུས་རྒྱག་མཁན་རེད།
གཉིས། ཁ་བསླུས་ཀྱི་ཁ་པར་དང་འཕྲིན་ཐུང་རིགས། ཁྲིམས་འགལ་བས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལས་དོན་མི་སྣར་བརྫུས་ཏེ། ཁ་པར་དང་འཕྲིན་ཐུང་སོགས་ཀྱི་ཐབས་ལམ་བརྒྱུད་ཁེ་ལས་དང་ཁེར་རྐྱང་་ཚོང་དུད་ལ་འབྲེལ་བ་བྱས་ནས། ཁོང་ཚོར་འཕྲིན་ཐུང་གི་སྦྲེལ་མཐུད་དྲ་ཚུགས་དང་སྦྲེལ་མཐུད་བྱེད་བཅུག་ནས་ཁྲིམས་འགལ་བ་སོ་སོས་བཟོས་པའི་ཁྲིམས་འགལ་ཉོ་ཚོང་ལས་སྟེགས་ལ་ཞུགས་པར་སླུ་ཁྲིད་བྱས་རྗེས་ཁ་བསླུས་རྒྱག་གི་ཡོད། ཁྲིམས་འགལ་སྦྲེལ་མཐུད་དྲ་ཚུགས་ཡོད་པའི་ཁ་བསླུས་འཕྲིན་ཐུང་ལ་དོགས་ཟོན་བྱས་ཏེ་ཁེ་ལས་ཀྱི་ཆ་འཕྲིན་དང་། མི་སྒེར་གྱི་ཆ་འཕྲིན། དངུལ་ཁང་གཱ་ཡི་ཨང་གྲངས་སོགས་ཆ་རྒྱུས་མེད་པའི་མིར་ཤོད་རྒྱུ་མེད་ལ་དངུལ་དེ་བས་ཀྱང་གཏོང་སྤྲོད་བྱེད་མི་རུང་།
གསུམ། འདྲ་བཟོས་དྲ་ངོས་ཀྱི་རིགས། ཁྲིམས་འགལ་བས་ཁྲིམས་འགལ་ཉོ་ཚོང་ལས་སྟེགས་རྫུན་མ་བཟོས་ནས་གཉེར་སྐྱོང་པར“ཐོབ་ཐང་ཁས་ལེན་དཔང་འདོན་བྱེད་དགོས”ཞེས་མགོ་སྐོར་བཏང་ནས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དངུལ་ཁང་གཱ་ཡི་ཨང་གྲངས། དེ་བཞིན་གསང་གྲངས་སོགས་རག་ཐབས་བྱེད་ཀྱི་ཡོད། དེས་ན་ལོ་འཁོར་སྙན་ཞུ་འབུལ་སྐབས་གཞུང་ཕྱོགས་དྲ་རྟགས་ཡིན་མིན་གསལ་འབྱེད་ཡག་པོ་བྱེད་དགོས།
བཞི། འབྱུང་ཁུངས་གསལ་པོ་མེད་པའི་མྱུར་སྐྱེལ་དངོས་པོའི་རིགས། ཁྲིམས་འགལ་བས་སྦྲག་ཐོག་བསྐུར་བྱ་དངོས་འབྱོར་གླ་སྤྲོད་རིགས་ལ་བསྐུར་ཏེ་ཁེ་ལས་ལ་དངོས་ཟོག་འབྱོར་རྗེས་སྐྱེལ་གླ་སྤྲོད་དགོས་པའི་རེ་བ་འདོན་པ་དང་། འཕྲིན་ཡིག་ནང་དུ《ཁེ་ལས་ཀྱི་ལོ་འཁོར་ཞིབ་བཤེར་སྤྱི་བསྒྲགས》ཚུད་ཡོད་པ་དང་ཁེ་ལས་ཀྱི་ལོ་འཁོར་ཞིབ་བཤེར་དུས་ཚོད་ཡོལ་བར་ཁ་གཡར་ནས“ལོ་འཁོར་ཞིབ་བཤེར”དང་ལེན་བྱེད་དུ་འཇུག་པ། ཡིག་ཆའི་མཇུག་ཏུ“རྒྱལ་ཁབ་ཤེས་རིག་བདག་དབང་ཅུས”དང་རྩ་གཉིས་ཨང་རྟགས་སོགས་ཡི་གེ་དང་རི་མོ་ཡོད་པ་མ་ཟད། ད་དུང་དེ་མཚུངས་ཀྱི་སྤྱི་བསྒྲགས་དྲ་རྟགས་དང་དེ་བཞིན་གཏན་འབེབས་ལྟར་ལོ་འཁོར་གྱི་ཞིབ་བཤེར་དང་ལེན་མ་བྱས་པའི་ཆད་གཅོད་དོན་ཚན་ཡང་བཀོད་ཡོད། དེར་བརྟེན་ཚང་མས་ཡོང་ཁུངས་གསལ་པོ་མེད་པའི་དངོས་འབྱོར་གླ་སྤྲོད་རིགས་ཀྱི་སྦྲག་ཐོག་བསྐུར་བྱར་ཡིད་གཟབ་ཆེན་པོ་བྱེད་དགོས།
ལྔ། ཕུང་གསུམ་པའི་མཚམས་སྦྱོར་ལས་ཁུངས་ཀྱིས་གྲོན་དངུལ་བསྡུ་རྒྱུའི་གྲོས་མཐུན་བཞག་པའི་རིགས། ཕུང་གསུམ་པའི་མཚམས་སྦྱོར་ལས་ཁུངས་རྫུན་མས་གཉེར་སྐྱོང་དུད་ཚང་ལ་ཆ་འཕྲིན་བསྐུར་ནས་བཀོད་སྒྲིག་བྱས་པའི་མཐུད་མཚམས་ནང་ཞུགས་ནས་ཆ་འཕྲིན་འབྲི་འགོད་དང་གླ་རིན་སྤྲད་ནས“ལོ་འཁོར་སྙན་ཞུ”གསབ་རྒྱུའི་མགོ་སྐོར་གཏོང་གི་ཡོད། དེར་བརྟེན་གཞུང་ཕྱོགས་ཀྱི་དྲ་ཚིགས་ཡིན་མིན་ངེས་པར་དུ་དབྱེ་འབྱེད་གསལ་པོ་བྱེད་དགོས།
ལོ་འཁོར་སྙན་ཞུ་འབུལ་བར་གྲོན་དངུལ་གང་ཡང་སྤྲོད་མི་དགོས།
མི་དམངས་ཉེན་རྟོག་པས“ལོ་འཁོར་སྙན་ཞུའི་ཁ་བསླུས”ནི་ཁྲིམས་འགལ་བས་གཉེར་སྐྱོང་ཚོང་དུད་ལ་ཁ་བསླུས་འཕྲིན་ཐུང་བསྐུར་ནས་སྦྲེལ་མཐུད་དྲ་ཚུགས་དང་སྦྲེལ་མཐུད་བྱེད་འཇུག་པ་དང་། ཁྲིམས་འགལ་བ་སོ་སོས་བཟོས་པའི་ཁྲིམས་འགལ་ཉོ་ཚོང་ལས་སྟེགས་སུ“ཁས་ལེན་དཔང་འདོན”བྱེད་པ་བརྒྱུད་ཁ་བསླུས་རྒྱག་གི་ཡོད། ཁྲིམས་འགལ་བས་ད་དུང་གཡོ་ཐབས་སྣ་ཚོགས་སྤྱད་དེ་གཉེར་སྐྱོང་ཚོང་དུད་ནས“ཐོབ་ཐང་ཁས་ལེན་དཔང་འདོན”ཐོབ་པ་དང་དེ་བཞིན་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དངུལ་ཁང་གཱའི་ཨང་གྲངས། གསང་གྲངས་སོགས་སྒེར་གྱི་གསང་དོན་ཆ་འཕྲིན་ཐོབ་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
མི་དམངས་ཉེན་རྟོག་པའི་དྲན་སྐུལ།
གཉེར་སྐྱོང་བྱེད་པོས་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་སོགས་ལས་སྟེགས་སུ་ཞུགས་ཏེ། དྲ་ཐོག་ནས་ལོ་འཁོར་སྙན་ཞུ་འབུལ་རྒྱུའི་རེ་འདུན་ཞུས་ཆོག་ལ་གྲོན་དངུལ་གང་ཡང་སྤྲོད་མི་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཁ་པར་དང་འཕྲིན་ཐུང་སྦྲེལ་མཐུད་རྣམ་པར་བརྟེན་ནས་ལོ་འཁོར་སྙན་ཞུ་འབུལ་དགོས་ལུགས་བརྗོད་མི་སྲིད། གལ་ཏེ་ལོ་འཁོར་སྙན་ཞུ་འབུལ་བར་རིན་བསྡུའི་ཆ་འཕྲིན་རིགས་འབྱོར་ཚེ་ཡིད་ཆེས་གཏན་ནས་བྱེད་མི་རུང་།
ཁ་བསླུས་རྒྱག་པའི་ཁ་པར་དང་ཆ་འཕྲིན་རིགས་འབྱོར་སྐབས་ཐད་ཀར་བསུབ་པ་ལས་ཁ་ཡ་བྱེད་མི་རུང་། ཕ་རོལ་པོས་མཁོ་འདོན་བྱས་པའི་བྱ་རིམ་ཆུང་གྲས་དང་སྤྱི་སྟེགས་དང་སྦྲེལ་མཐུད་བྱེད་མི་རུང་ལ་གླ་རིན་འཇལ་སྤྲོད་དེ་བས་བྱེད་མི་རུང་། ཡོངས་ཁུངས་གསལ་པོ་མེད་པས་སྦྲེལ་མཐུད་དྲ་ཚུགས་དང་སྦྲེལ་མཐུད་གང་བྱུང་བྱ་རྒྱུ་མེད་ལ། ཡོངས་ཁུངས་གསལ་པོ་མེད་པའི་Appཕབ་ལེན་དང་མི་གཞན་ལ་ཁ་པར་གྱི་ར་སྤྲོད་ཨང་གྲངས་གང་འདོད་དུ་མཁོ་འདོན་བྱ་རྒྱུ་མེད།