སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས།
《དམངས་དོན་ཁྲིམས་གཞུང》གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ལོའི་ཟླ་5པ་ནི་རྒྱལ་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་དེ་རེད། ཉེ་ཆར། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས“མཛེས་སྡུག་ལྡན་པའི་འཚོ་བ། དམངས་དོན་ཁྲིམས་གཞུང་དང་འགྲོགས”ཞེས་པའི་ཆེད་དོན་ཁྲིམས་ལུཌ་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་ལས་བྱེད་ཉེན་རྟོག་པས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བློ་འདྲིའི་ལས་སྟེགས་འཛུགས་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་གན་རྒྱ་དང་། རྒྱུ་དངོས་བདག་དབང་། མི་གཞིའི་དབང་ཆ། གཉེན་སྒྲིག་དང་ཁྱིམ་ཚང་སོགས་ཀྱི《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས་པ་དང་འབྲེལ། ངང་རྒྱུད་རིང་པོས་མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲིར་ལན་ཡང་བཏབ་ཡོད། ལས་བྱེད་ཉེན་རྟོག་པ་ཚོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་ས་ཐོག་ཏུ་གཉེན་སྒྲིག་དང་ཁྱིམ་ཚང་དང་ཤུལ་འཛིན་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་མ་ཟད། རྒན་གསོའི་ཁ་བསླུས་ལ་རྡུང་རྡེག་བཅོས་སྒྲིག་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་སྔོན་འགོག་སོགས་ཀྱི་དྲིལ་བསྒྲགས་ལག་དེབ་200ལྷག་ཙམ་སྤྲད་པ་དང་། བཅའ་ཁྲིམས་ཀྱི་གནད་དོན་3ལ་ལན་བཏབ་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།