དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཀུན་གྱིས་འཇོན་ཐང་ངོམ། ཚང་མར་ཉམས་འགྱུར་ལྡན།

    —— བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་2024ལོའི་མང་ཚོགས་རང་བཞིན་གྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་དང་དམག་དོན་ལུས་རྩལ་འགྲན་ཚོགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-18

    འདི་ནི་དཔོན་དམག་གིས་མེ་མདའ་བཟུང་ནས་སྨི་100ཡི་བཀག་ཆ་བརྒལ་བའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་མིག་བཀབ་ནས་ཡང་བའི་མཚོན་ཆ་དབྱེ་ཕྲལ་དང་སྒྲིག་པའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་རང་འགུལ་རིང་མདའི་མདེལ་དངོས་འཕེན་པའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་སྨི་3000གི་དྲག་ཆས་སྤྲས་པའི་བྱེས་བགྲོད་འགྲན་བསྡུར་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་2024ལོའི་མང་ཚོགས་རང་བཞིན་གྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་དང་དམག་དོན་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཏན་ཏིག་བྱས་ནས། ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེའི་དམག་དོན་ལུས་རྩལ་སྦྱོང་བརྡར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་བཏང་བ་རེད།

    ཐེངས་འདིའི་མང་ཚོགས་རང་བཞིན་གྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་དང་དམག་དོན་ལུས་རྩལ་འགྲན་ཚོགས་རིང་། སྐམ་དམག་གི་དམག་དོན་སྦྱོང་བརྡར་རྩ་གནད་དང་དམག་དོན་ལུས་རྩལ་སྦྱོང་བརྡར་རྩ་གནད་གཞི་འཛིན་སར་བྱས་ཏེ་རྩ་གནད་ནང་ཡོད་པ་དང་རྩ་གནད་ཀྱི་བླང་བྱར་ནན་པོ་གཞིགས་ཏེ“སྨི་དང་། སྐར་ཆ། འབེན”སོགས་ཀྱི་འགྲན་ཚན་འབུར་དུ་ཐོན་པར་བྱས་ནས། དམག་ལ་གཅེས་ཤིང་་དྲག་རྩལ་སྦྱོང་བ་དང་བྱང་ཆུབ་པ་ཡོང་བ“རླུང་ཕྱོགས་སྟོན་རྟགས་དང་ཕྱོགས་སྟོན་གློག་སྒྲོན”དུ་དངོས་སུ་འགྱུར་ཐུབ་པར་བྱས་པ་རེད། དེ་དང་དུས་མཚུངས་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེའི་དམག་སྦྱོང་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུར་དམིགས་ཏེ། ལུས་རྩལ་འགྲན་ཚོགས་ཀྱིས་ལོ་ཚད་དང་གོ་གནས་ཀྱི་རིམ་པ་མ་དབྱེ་བར་རིག་ཚན་8བཀོད་སྒྲིག་བྱས་ནས་དངོས་འཐབ་དངོས་སྦྱོང་དང་། རྩ་གནད་ལྟར་རྒྱུགས་ལེན་པ། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུགས་ལེན་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་ཤུགས་སྣོན། འགྲན་བསྡུར་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་བཅས་བྱས་ཏེ། དཔོན་དམག་གི་བྱང་ཚད་མཐོ་རུ་དང་དཔུང་སྡེའི་འཐབ་ནུས་ཆེ་རུ་གཏོང་བའི་གཞི་རྩའི་དམིགས་ཡུལ་འགྲུབ་པར་བྱས་ནས། དཔོན་དམག་གི་སྦྱོང་བརྡར་སྤྲོ་སེམས་འཕེལ་བ་དང་དཔུང་སྡེའི་འཐབ་ནུས་ཆེ་རུ་བཏང་བ་རེད།

    དྲག་རྩལ་འགྲན་བསྡུར་མཇུག་འགྲིལ་རྗེས་དམག་ཁུལ་ཁང་དེའི་དཔོན་དམག་ཚོས། ངེས་པར་དུ་འགྲན་ཞུགས་རུ་མི་མིག་དཔེར་བཟུང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དཀའ་སྤྱད་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་མཐའ་སྟོབས་མཐའ་བརྟན་གྱི་འཇོན་ཐང་ཡག་པོ་སྦྱོང་བ་དང་། སོ་སྲུང་བྱ་ཡུལ་དུ་གཞིས་ཚུགས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།