ནགས་ཚལ་མེ་ཟོན་གྱང་བརྟན་དུ་བཏང་ནས་མཉམ་འབྲེལ་མཉམ་འཛུགས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རུ་མིས་ཀྲུང་གོ་ལྕགས་ལམ་གྱི་ལས་བཟོར་དྲན་པ་གསོ་ཐབས་འགྲེལ་བཤད་རྒྱག་བཞིན་པ།
སྐྲུན་བཞིན་པའི་ལྕགས་ལམ་ལམ་རྒྱུད་ཀྱི་ཨར་ལས་ཚན་པའི་བདེ་འཇགས་ལས་སྒྲུབ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་སྟེ། ཐོལ་བྱུང་གི་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཀྲུང་གོ་ལྕགས་ལམ་བོད་ལྗོངས་རྣམ་གྲངས་པུའུ་དང་མཉམ་འབྲེལ་ཐོག“ནགས་ཚལ་མེ་ཟོན་གྱང་བརྟན་དུ་བཏང་ནས་མཉམ་འབྲེལ་མཉམ་འཛུགས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི”སློབ་ཁྲིད་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་གསོ་སྦྱོང་ནང་ཞུགས་མཁན་ཚོས་སྐད་ཆ་ཡང་སེ་འདྲི་བ་དང་། རང་འགུལ་ངང་བཀོལ་སྤྱོད་ཉམས་ལེན་བྱེད་པ། གསོ་སྦྱོང་རུ་མིས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་པ། བཀོལ་སྤྱོད་སྒྲིག་སྲོལ་ནན་པོ་སྲུང་བ་བཅས་བྱས་ཏེ། བྱེད་སྒོ་སྤེལ་སར་སློབ་སྦྱོང་སྤེལ་རེས་དང་གྲོས་བསྡུར་མཉམ་འགུལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་ཀྲུང་གོ་ལྕགས་ལམ་གྱི་ལས་བཟོ་ཚོས་ད་རེས་ཀྱི་གསོ་སྦྱོང་བརྒྱུད་རང་ངོས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་སོང་ལ། གནོད་འཚེ་དང་ལས་འཛོལ་འགོག་ཟོན་གྱི་ཁ་གཏད་གཅོག་ནུས་ཀྱང་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།