དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཤང་གྲོང་ཆེད་ལས་མེ་གསོད་རུ་ཁག་ཐོག་མ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    འདི་ནི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཟླ་5ཚེས་30ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཆེད་ལས་མེ་གསོད་རུ་ཁག་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ནི་ལྗོངས་ཡོངས་ཀྱི་ཆེད་ལས་མེ་གསོད་རུ་ཁག་བཙུགས་པའི་ཤང་གྲོང་ཐོག་མ་དེ་ཡིན། ཤང་གྲོང་ཆེད་ལས་མེ་གསོད་རུ་ཁག་བཙུགས་པ་ལས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་སྟོབས་ཤུགས་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་པ་དང་། སྟོབས་ཤུགས་གསར་པ་འདི་ཡིས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལ་དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་སྤེལ་ཆོག་པའི་ཚད་ཤིང་གི་ནུས་པ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།