མངའ་རིས་ས་ཁུལ་དུག་འགོག་ཨུ་ལྷན་གྱིས“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་ མཛད་སྒོ་འཚོགས་པ།
“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ”ཐེངས་14པ་འཆར་བ་དང་། ཉེ་ཆར། མངའ་རིས་ས་ཁུལ་དུག་འགོག་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་གྱི་2024ལོའི“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་དང“དུག་འགོག་བུམ་པའི”རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒྱུ་རྩལ་འཁྲབ་སྟོན་དང་དུག་འགོག་དྲིལ་བསྒྲགས་ནང་དོན་མཉམ་འདྲེས་བྱས་ནས“བདེ་ཐང་མི་ཚེ། ལྗང་མདོག་དུག་མེད”ཀྱི་འཚོ་བའི་འདུ་ཤེས་དྲིལ་བསྒྲགས་བྱས་པ་དང་། དུག་འགོག་ལས་དོན་མི་སྣ་དང་དང་བླངས་པས་ལུས་རྩལ་ཐང་གི་མཐའ་འཁོར་དུ་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ནས“དུག་འགོག་བཅའ་ཁྲིམས”དང་དུག་རྫས་དང་འབྲེལ་བའི་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་རང་རྟོགས་ངང་དུག་རྫས་གཏན་འགོག་བྱེད་པ་དང་དུག་འགོག་ལས་དོན་ནང་ཧུར་ཐག་ཞུགས་ནས་དུག་འགོག་དྲིལ་བསྒྲགས་པ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དུག་འགོག་ཨུ་ལྷན་གྱིས་ད་དུང་རིམ་སྤེལ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་དུག་རྫས་ཀྱི་གནོད་འཚེར་སྔར་བས་ངོས་འཛིན་གསལ་པོ་ཡོང་བར་ཁྲིད་སྟོན་བྱས་ཏེ“དུག་མེད་གྲོང་ཁྱེར”གཏོད་ཆེད་ཐུན་མོང་ཐོག་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།