དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྐྱིད་གྲོང་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས།

    ​“དམངས་དོན་ཁྲིམས་གཞུང་དམག་སྒར་དུ་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    “སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲི་སྔར་བས་དོན་འཁྱོལ་དང་། དུས་བབ་གསར་པར་དམག་དཔུང་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། རྒྱལ་སྲུང་གི་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཉེ་ཆར། སྐྱིད་གྲོང་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་མཉམ་དུ“དམངས་དོན་ཁྲིམས་གཞུང་དམག་སྒར་དུ་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཅང་སུའུ་ལན་ཧྲེང་ཁྲིམས་རྩོད་ལས་དོན་སུའོ(སྐྱིད་གྲོང)ཡན་ལག་སུའོ་ཡི་ཁྲིམས་རྩོད་པ་ཚའེ་རུའུ་ཧྭས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་བཅའ་ཁྲིམས་ཤེས་བྱར་གསལ་འགྲེལ་ཞིབ་ཚགས་དང་། རྒྱུ་ནོར་གྱི་བདག་དབང་དང་། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན་སོགས་དམག་མིའི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་སྐོར་གསལ་བཤད་གཏིང་ཟབ། དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་གི་ནང་དོན་གཙོ་བོ་གསལ་འགྲེལ། ཉེ་འགྲམ་དུ་ཐོན་པའི་དཔེ་མཚོན་གྱོད་གཞི་དྲངས་པ་བཅས་བྱས་ཏེ་རྒྱ་ཆེའི་དམག་མི་ཚོས་རྒྱུན་དུ་ཁྲིམས་ལུགས་ལ་བརྟེན་ནས་གྱོད་དོན་དབྱེ་ཞིབ་དང་གནས་ལུགས་གསལ་རྟོགས་བྱེད་དགོས་པའི་སློབ་གསོ་བཏང་བ་རེད།

    གོམ་སྟབས་རྗེས་མར། སྐྱིད་གྲོང་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག བརྟན་ལྷིང་ལ་སྐུལ་འདེད། བདེ་འཇགས་སྲུང་བ་བཅས་ཀྱི་མཐོ་ཚད་ནས“དམག་མིའི་ཁེ་དབང་སྲུང་སྐྱོང་དང་། དམག་དཔུང་གི་དཀའ་ངལ་སེལ་བ། དམག་མིའི་སེམས་ཤུགས་བརྟན་གཏོང་། དམག་དཔུང་གི་གཟི་རྔམ་སྲུང་སྐྱོང”བཅས་བྱེད་པའི་ཁྲིམས་སྐྱོང་དམག་བཀུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་ནུས་གང་ལེགས་འདོན་པ། དམག་དཔུང་དང་འབྲེལ་བའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཧུར་ཐག ཁྲིམས་ཤེས་དང་ཁྲིམས་སྲུང་གི་དམག་མིའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྲུང་གི་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།a

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།